དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་མཁའ་འགྲུལ་ཀུང་སི།

    ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་བདུན་པར་ཞུགས་ནས་མཉམ་ལས་གྲོས་མཐུན་ཁག་ལ་མིང་རྟགས་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-19

    ཉེ་ཆར། གསར་འགོད་པར་བོད་ལྗོངས་མཁའ་འགྲུལ་ཀུང་སི་ནས་ཤེས་རྟོཌ་བྱུང་བར། བོད་ལྗོངས་མཁའ་འགྲུལ་ཀུང་སི་འདི་ཉིད་བོད་རང་སྐྱོང་ལྗོངས་ཀྱི་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་ཉོ་ཚོང་ཚོགས་པའི་ཁོངས་མི་ཡིན་པའི་ངོས་ནས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོཌ་སྐབས་བདུན་པར་ཞུཌ་པ་དང་འབྲེལ། “བོད་ཟོག་བོད་ནས་ཐོན་པ”དང་དེ་བཞིན་ཕྱིར་གཏོང་ནང་འདྲེན་གྱི་མཁའ་འགྲུལ་ཟོག་འགྲུལ་སྐྱེལ་འདྲེན་ཞབས་ཞུའི་རྣམ་གྲངས་ཀྱི་གན་འཇོག་མཛད་སྒོ་དང་ཁྱབ་གདལ་བྱེད་སྒོ་བདེ་བླག་ངང་སྤེལ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ནང་འདྲེན་དངོས་མང་སྟོན་ཚོཌ་ནང་ཞུགས་པ་དེ་ནི་བོད་ལྗོངས་མཁའ་འགྲུལ་གྱིས་འདི་ལོའི་ཟླ་5ཚེས་1ཉིན་ཟོག་འདྲེན་ལས་སྒོ་ཕྱོགས་ཡོངས་ནས་རང་བདག་གཉེར་སྐྱོང་བྱས་ཚུན་གྱི་ལམ་ཚད་རྡོ་རིང་ལྟ་བུའི་ཚད་བརྒལ་གལ་ཆེན་གཞན་ཞིག་རེད། འདི་ལོའི་ཟླ་9པར་བོད་ལྗོངས་མཁའ་འགྲུལ་གྱིས“བོད་ཟོག་བོད་ཀྱི་མཁའ་འགྲུལ་བརྒྱུད་བོད་ནས་ཐོན་པའི”ལས་ཀའི་སྤྱིའི་བྱེད་ཕྱོགས་བཏོན་པ་དང་། “བོད་ཟོག་བོད་ནས་ཐོན་པའི”གཅིག་འཐུས་རྣམ་པའི་ས་སྟོང་ཟོག་འགྲུལ་ཞབས་ཞུའི་ལས་སྟེགས་གཏོད་རྒྱུ་རྨང་གཞིར་བྱས་ཏེ་བོད་ལྗོངས་མཁའ་འགྲུལ་ཟོག་འདྲེན་གྱི་ཧེ་བག་ཅན་གྱི་འཕེལ་རྒྱས་ལམ་བུ་རིམ་བཞིན་གཏན་འཁེལ་བྱས་ནས་ལྟེ་བའི་འགྲན་རྩོད་ནུས་པ་ཟམ་མི་ཆད་པར་སྐྱེད་སྲིང་བྱས་ཡོད།

    ནང་འདྲེན་དངོས་མང་སྟོན་ཚོགས་ལ་ཞུགས་རིང་བོད་ལྗོངས་མཁའ་འགྲུལ་གྱིས“བོད་ཟོག་བོད་ནས་ཐོན་པའི”རྣམ་གྲངས་ཁྱབ་གདལ་ཚོང་བཤད་བྱས་པ་དང་འབྲེལ། བོད་ཟོག་ཐོན་སྐྱེད་ཁེ་ལས་ཨ་མ་6དང་འབྲེལ་ཡོད་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།