དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཀྲུང་དབྱང་རྩ་འཛུགས་པུའི་ཁག་བདུན་པ་དང་། བརྒྱད་པ། དགུ་པ་བཅས་ཀྱི་བོད་སྐྱོར་ལས་བྱེད་པ་ཁྲེང་པིང་ཧྥུང་།

    བགྲང་བྱ་དགུ་ཡི་བོད་སྐྱོར་རིང་། ཆུ་བེད་ལས་ལ་རྩེ་གཅིག་གཞོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-19

    2013ལོར་ཆུ་བེད་པུས་བོད་སྐྱོར་ལས་བྱེད་པ་ཁག་གསར་པ་འདེམས་རྩིས་ཡོད་པ་ཤེས་སྐབས་ཁྲེང་པིང་ཧྥུང་གིས་འཕྲལ་དུ་མིང་ཐོ་བཀོད།

    2013ལོ་ནས་2022ལོ་བར་གྱི་ལོ་དགུ་ཡི་རིང་བོད་སྐྱོར་ལས་ལ་གཞོལ།

    བོད་དུ་སྡོད་རིང་། ཁྲེང་པིང་ཧྥུང་གིས་སྔ་རྗེས་སུ་རང་སྐྱོང་ལྗོངས་ཆུ་བེད་ཐིང་འཆར་འགོད་འཆར་གཞི་ཁྲུའི་ཁྲུའུ་ཀྲང་གཞོན་པ་དང་། རང་སྐྱོང་ལྗོངས་གཙོ་གནད་ཆུ་བེད་འཛུགས་སྐྲུན་རྣམ་གྲངས་དོ་དམ་ལྟེ་གནས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པའི་འགན་ཁུར།

    2014ལོར། ཁྲེན་པིང་ཧྥུང་ཞུགས་པའི་ཆུ་བེད་པུའི་དུས་ཐེངས་བཅུ་གཉིས་པའི་བོད་སྐྱོར་ལས་དོན་ཚོགས་ཆུང“རྒྱལ་ཡོངས་ཀྱི་མི་རིཌ་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ”ལ་བདམས་ཐོན་བྱུང་བ་དང་། 2016ལོ་དང་2019ལོར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་་ཁྲེང་པིང་ཧྥུང་ལ“ཕུལ་བྱུང་བོད་སྐྱོར་ལས་བྱེད་པའི”གཟེངས་བསྟོད་ཐེངས་གཉིས་བྱས། གཞན་ཡང་2021ལོར་ཆུ་བེད་པུའི་ཤེས་དཔལ་ཨུ་ལྷན་གྱིས་སྐབས་གསུམ་པའི“ཆུ་བེད་ལས་དོན་པ་ཡག་ཤོས”ཀྱི་མིང་འདོན་བྱ་དགའ་སྤྲད་པ་དང་། 2022ལོར་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་མི་སྒེར་གྱི་བྱས་རྗེས་རིམ་པ་གསུམ་པ་བཀོད་ཅིང་། 2023ལོར་ཆུ་བེད་པུའི་ཤེས་དཔལ་ཨུ་ལྷན་གྱིས་སྐབས་བཞི་པའི“ཆུ་བེད་ལས་དོན་པ་ཡག་ཤོས”ཀྱི་མི་སྒེར་གྱི་བྱ་དགའ་སྤྲད་པ་རེད།

    མི་ལ་བརྩོན་འགྲུས་ལྡན་གྱུར་ན། མི་འགྲུབ་བྱ་བ་ཅི་ཡང་མེད། བོད་སྐྱོར་རིང་། ཁྲེང་པིང་ཧྥུང་བོད་ཀྱི་རྫོང་དང་ཆུས་69རུ་བསྐྱོད་པ་དང་། རང་སྐྱོང་ལྗོངས་ཀྱི་ཆུ་བོ་རྒྱུག་ཁུལ་གཙོ་བོ་45ཡི་ཕྱོགས་བསྡུས་འཆར་འགོད་སྒྲིག་འཛུགས་བྱས་ཏེ་བཟོས་པ་མཐའ་དག་ལ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་མཆན་འགོད་བཀའ་ལན་ནམ་ཡང་ན་དབང་སྤྲོད་མཆན་འགོད་བཀའ་ལན་ཐོབ་པ་དེས་བོད་ཀྱིས“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”ཆུའི་ཐོན་ཁུངས་སྤུས་ལེགས་དོ་དམ་སྲུང་སྐྱོང་དང་གསར་སྤེལ་བེད་སྤྱོད་དེ་བས་ལེགས་པ་བྱ་ཆེད་འགན་ལེན་བྱས་ཡོད།

    ཆུ་བེད་ལས་གྲྭ་གལ་ཆེན་ཁག་7དང་ཆུ་མཛོད་འབྲིང་གྲས་9ཡི་དུས་འགོའི་ལས་དོན་ལེགས་སྒྲུབ་དང་ཆུ་ཤང་ཆུ་ཤུགས་གློག་ཁང་དང་ཡར་ཀླུང་གཙང་པོའི་ཆུ་གཞུང་ཨ་མའི་ཉིང་ཁྲི་དུམ་བུའི་ཆུ་ལམ་བཅོས་སྐྱོང་སོགས་ཆུ་བེད་ལས་གྲྭའི་རྣམ་གྲངས་10ཡི་འཛུགས་སྐྲུན་དོ་དམ་ལས་དོན་གྱི་འགན་ཁུར་རིང་། ཆུ་ཤང་ཆུ་ཤུགས་གློག་ཁང་ལས་གྲྭར་རང་སྐྱོང་ལྗོངས་ཀྱི་སྐབས་དང་པོའི(2018ལོ)སྤུས་ལེགས་ཆུ་བེད་ལས་གྲྭའི་བྱ་དགའ(ཇོ་མོ་གླང་མའི་བུམ་པ)ཐོབ་པ་དང་། ཡར་ཀླུང་གཙང་པོའི་ཆུ་གཞུང་ཨ་མའི་ཉིང་ཁྲི་དུམ་བུའི་ཆུ་ལམ་བཅོས་སྐྱོང་ལས་གྲྭར་རང་སྐྱོང་ལྗོངས་ཀྱི་2021ལོའི་སྤུས་ལེགས་ཆུ་བེད་ལས་གྲྭའི་བྱ་དགའ(ཇོ་མོ་གླང་མའི་བུམ་པ)སོགས་ཐོབ་ཡོད།

    ཆུ་བེད་རྣམ་གྲངས་བདེ་བླག་ངང་ལག་ལེན་བསྟར་བར་ས་གནས་ས་ཐོག་ཏུ་བརྟག་ཞིབ་དང་གྲལ་བཤེར་ལས་དོན་འབོར་ཆེན་སྤེལ་རྒྱུ་ནི་ལྷུ་ཚིགས་གལ་ཆེན་ཞིག་རེད།

    འཆར་འགོད་རྣམ་གྲངས་གྲལ་བཤེར་ཡག་པོ་བྱ་ཆེད། ཁྲེང་པིང་ཧྥུང་གིས་དུས་ཡུན་ཟླ་གཅིག་རིང་མངའ་རིས་ས་ཁུལ་གྱི་རྫོང་7གྱི་ཤང་དང་གྲོང་རྡལ་ཚང་མར་བསྐྱོད་མྱོང་ཡོད། ཁོང་ཇུས་འགོད་ནང་ཞུགས་པའི་ཆབ་མདོ་གྲོང་ཁྱེར་གྱི“ས་ངན”ཡུག་ཁུལ་གྱི་ཆུ་བེད་རྣམ་གྲངས་ཚང་མ་འབྲེལ་ཡོད་འཆར་འགོད་ནང་བཅུག་པ་དང་འབྲེལ་བདེ་བླག་ངང་ལག་ལེན་བསྟར་ཡོད། ཟླ་ཕྱེད་ལྷག་ཙམ་ནང་གཞིས་རྩེ་གྲོང་ཁྱེར་གྱི་རྫོང་དང་ཆུས་18ལ་བསྐྱོད་ནས་ཆུ་བེད་རྣམ་གྲངས་50ལྷག་ཙམ་གྱི་དུས་འགོའི་ལས་དོན་ལ་ས་གནས་ས་ཐོག་ཏུ་བསྐྱར་ཞིབ་བྱས་ཡོད།

    དམངས་འཚོའི་འདུ་འགོད་རེ་རེ་དོན་འཁྱོལ་དང་ལག་ལེན་བསྟར་ནས་ཞིང་འབྲོག་མང་ཚོགས་ཀྱིས་རེ་སྒུག་ཆེན་པོ་བྱེད་པའི་ཆུ་མཁོ་སྤྲོད་དང་། ཞིང་ཆུ་འདྲེན་པ། འབྲུབ་འགོག གློག་སྤྱོད་སོགས་དམངས་འཚོའི་གནད་དོན་ཐག་གཅོད་བྱེད་རོགས་བྱས་ཡོད།

    “བོད་ཀྱི་ཆུ་བེད་བྱ་གཞག་ཐད་རང་གི་ལེགས་ཆ་བཏོན་ནས་བོད་ཀྱི་ཆུ་བེད་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བྱུང་བ་ནི་ངའི་མི་ཚེའི་ནང་གནོང་འགྱོད་མེད་པའི་བྱ་བ་ཞིག་ཡིན”ཞེས་ཁྲེང་པིང་ཧྥུང་གིས་ལག་ཐོགས་ཁ་པར་ནང་ཉར་བའི་བོད་དུ་ལས་ཀ་བྱེད་རིང་གི་འདྲ་པར་དག་སྟོན་བཞིན་བཤད།

    2022ལོར་ཁྲེང་པིང་ཧྥུང་ཚན་པ་རྙིང་པར་ལོག་ཀྱང་སྔར་བཞིན་བོད་ཀྱི་ཆུ་བེད་ལས་དོན་ལ་སེམས་ཁུར་བྱེད་ཀྱི་ཡོད་ལ། ལོ་ལྟར་བོད་དུ་ཐེངས་རེ་གཉིས་བསྐྱོད་དེ་བོད་ཀྱི་ཆུ་བེད་འཕེལ་རྒྱས་ཐད་མུ་མཐུད་ཐབས་ཇུས་འདོན་རོགས་བྱེད་པ་དང་། མཐུན་སྦྱོར་སྐུལ་འདེད་བཏང་བའི་བོད་ཀྱི་ཆུ་བེད་ཆུ་གློག་ལས་གྲྭའི་གནས་སྤོས་ཡུལ་མིའི་ལས་དོན་ལྟེ་གནས་2023ལོའི་ཟླ་11པར་བཙུགས་པ་ཤེས་སྐབས་ཁོང་དགའ་ཚོར་ཆེན་པོ་བྱུང་ཡོད་ལ། སྔོན་ཆད་དགེ་ལས་སྒྲུབ་པར་བསྐྱོད་སའི་ལྷ་ས་འཇའ་ཚོན་ཆུ་མིག་ཕན་བདེ་དམིགས་བསལ་སློབ་གྲྭའི་ཕྲུ་གུ་ཚོས་ཁོང་ལ་སེམས་ཐག་ཉེ་པོས“པཱ་ཁྲེང་ལགས”ཞེས་འབོད་པ་དག་སྔར་བཞིན་གསལ་ལེར་དྲན་གྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།