དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་ལྗོངས་ཀྱིས་གནས་སྐབས་རོགས་སྐྱོབ་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་ནས་དམངས་འཚོའི་མཐའ་ཚད་བརྟན་པོ་སྲུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-18

    ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2011ལོར་རང་ལྗོངས་ཀྱིས་གནས་སྐབས་རོགས་སྐྱོབ་ལམ་ལུགས་འཚོལ་ཞིབ་བྱས་ནས་བཙུགས་ཚུན། རིམ་རྩིས་བརྒྱབ་ན་ལྗོངས་ཡོངས་སུ་མི་ཐེངས་ཁྲི་32ལྷག་ཙམ་ལ་གནས་སྐབས་རོགས་སྐྱོབ་བྱས་ནས་གནས་སྐབས་རོགས་སྐྱོབ་མ་དངུལ་སྒོར་དུང་ཕྱུར་5ལྷག་ཙམ་སྤྲད་པ་དང་། དེའི་ནང་། འདི་ལོ་ཚུན། རིམ་རྩིས་བརྒྱབ་ན་མི་ཐེངས་26801ལ་གནས་སྐབས་རོགས་སྐྱོབ་བྱས་ཏེ་རོགས་སྐྱོབ་མ་དངུལ་སྒོར་ཁྲི་6067སྤྲད་པས། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཆེ་རུ་ཤུགས་ཆེན་ཕྱིན་ཡོད་པ་རེད། 

    གནས་སྐབས་རོགས་སྐྱོབ་ཀྱི་འཕྲལ་སྡོམ་རང་བཞིན་དང་། བར་བརྒལ་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་ནུས་པ་དེ་བས་ཡག་པོ་བཏོན་ནས་གནས་སྐབས་རོགས་སྐྱོབ་སྲིད་ཇུས་དེ་བས་བརྒྱུད་རིམ་ལྡན་པ་ཡོང་བར། 2023ལོར། རང་སྐྱོང་ལྗོངས་སྲིད་གཞུང་གིས་དེ་སྔའི་ལག་ལེན་གྱི་ཉམས་མྱོང་དང་ལེན་བྱས་ནས《བོད་རང་སྐྱོང་ལྗོངས་ཀྱི་གནས་སྐབས་རོགས་སྐྱོབ་བྱ་ཐབས》ཞིབ་འཇུག་བྱས་ནས་བཟོས་ཏེ། གནས་སྐབས་རོགས་སྐྱོབ་བྱ་ཐབས་དང་ཚད་གཞི་དང་། ཞིབ་བསྡུར་གཏན་འཁེལ་དབང་ཚད། ཞིབ་བསྡུར་སྒྲུབ་གཉེར་དུས་བཅད་སོགས་སྔར་བས་ཚད་ལྡན་དུ་བཏང་བ་དང་སྦྲགས། འབྲེལ་ཡོད་སྲིད་ཇུས་ཀྱང་ལེགས་སུ་བཏང་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་དམངས་སྲིད་སྡེ་ཚན་གྱིས་གནས་སྐབས་རོགས་སྐྱོབ་བྱ་ཐབས་ལག་བསྟར་ནན་པོ་བྱས་ཏེ། རོགས་སྐྱོབ་བྱ་ཡུལ་ངོས་འཛིན་ཚད་ལྡན་དུ་གཏོང་བ་དང་། ཐེམ་ཐོ་གནས་ཡུལ་དང་སྡོད་གནས་ཀྱི་རེ་ཞུའི་ཚོད་འཛིན་མེད་པར་བཟོ་བ།

    ཁྲིམས་དང་སྒྲིག་སྲོལ་ལྟར་སྒྲུབ་གཉེར་གོ་རིམ་མགྱོགས་སུ་བཏང་ནས། རོགས་སྐྱོབ་བྱེད་དགོས་རིགས་ཚང་མར་རོགས་སྐྱོབ་བྱས་ཡོད། དེ་དང་ཆབས་ཅིག་རང་འགུལ་རོགས་སྐྱོབ་མངོན་གསལ་དོད་པོ་ཡོང་བར་བྱས་ནས་སྡེ་ཚན་དབར་ཆ་འཕྲིན་མཉམ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཚམས་འདྲི་དང་གྲལ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། དམིགས་བསལ་གྱོད་གཞི་རྐྱང་པར་དམ་པོར་དམིགས་པ། “དོན་རེར་གྲོས་རེ”དང“གྱོད་གཞི་རེར་ཐབས་ཇུས་རེ”འདོན་པ། གནད་སྨིན་རོགས་སྐྱོབ་ཐུབ་པ། “དཀའ་ངལ་ཡོད་ཕྱིན་རོགས་རམ་དང་དཀའ་ངལ་ཡོད་ཕྱིན་སྐྱོབ་རོགས”བཅས་བྱས་ཏེ། “དམངས་སྲིད་ཀྱིས་དམངས་ཆེད་ལས་དོན་སྒྲུབ་པ་དང་དམངས་ལ་གཅེས་སྐྱོང”ཐུབ་པ་བྱས་ཡོད་པ་རེད།

    རང་སྐྱོང་ལྗོངས་དམངས་སྲིད་ཐིང་གི་ཏང་ཙུའི་ཁོངས་མི་དང་ཐིང་ཀྲང་གཞོན་པ་དབྱང་ཅུན་ལིན་གྱིས། ལྗོངས་ཡོངས་ཀྱི་རིམ་ཁག་དམངས་སྲིད་སྡེ་ཚན་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་མུ་མཐུད་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་ཏུ་སྒྲིལ་བ་དེ་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ་དང་། མཐའ་ཚད་སྲུང་བ་དང་། གོ་ཆོད་པའི་ཡུན་ཚད་རིང་དུ་གཏོང་བ། ལམ་སྲོལ་འཛུགས་པ་བཅས་ལ་གཞི་འཛུགས་པ། གནས་སྐབས་རོགས་སྐྱོབ་ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་དེ་བས་ཕུན་སུམ་ཚོགས་པ་དང་། དེ་བས་འགན་ལེན་ཡོད་པ། དེ་བས་རྒྱུན་མཐུད་ཐུབ་པ་བཅས་ཡོང་བར་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།