དབུ་ཤོག>གསར་འགྱུར།>དམངས་འཚོ།
  • 2024ལོའི“བོད་གློག་ཕྱིར་གཏོང”གི་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་17.91ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-18

    གསར་འགོད་པར་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཟླ་11ཚེས་6ཉིན་བར། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱི་2024ལོའི“བོད་གློག་ཕྱིར་གཏོང”གི་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་17.91ཟིན་ནས། བོད་ཀྱི་ནུས་རྒྱུ་གཙང་མ་ཀྲུང་ཧྭའི་བྱང་རྒྱུད་དང་། དབུས་རྒྱུད། ཤར་རྒྱུད་སོགས་ས་ཁུལ་5ཡི་ཞིང་ཆེན་དང་གྲོང་ཁྱེར་14རུ་ཕྱིར་གཏོང་བྱས་ཏེ། རང་ལྗོངས་ལ་དཔལ་འབྱོར་ཕན་འབྲས་སྒོར་དུང་ཕྱུར་4.9ལྷག་ཙམ་བཏོད་པ་དང་དབུས་ཤར་རྒྱུད་སོགས་ས་ཁུལ་གྱི་ནུས་རྒྱུ་བསྲི་ཚགས་དང་ཟད་གྲོན་ཆུང་དུ་གཏོང་རྒྱུར་སྐུལ་འདེད་བཏང་བས། རྡོ་སོལ་ཏུན་ཁྲི་55དང་། དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི་137 དབྱང་གཉིས་ཟི་རྫས་ཏུན་ཁྲི་4བཅས་ཕྱིར་འབུད་བྱེད་ཉུང་དུ་ཕྱིན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2015ལོར“བོད་གློག་ཕྱིར་གཏོང”གི་ལས་དོན་ཐེངས་དང་པོ་སྤེལ་ཚུན། ནུས་རྒྱུ་གཙང་མ་ཕྱིར་གཏོང་གི་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་157.9ཟིན་ནས་རང་ལྗོངས་ལ་དཔལ་འབྱོར་ཕན་འབྲས་སྒོར་དུང་ཕྱུར་42ཡན་བཏོད་དེ། དབུས་ཤར་རྒྱུད་སོགས་ས་ཁུལ་གྱི་རྡོ་སོལ་ཏུན་ཁྲི་485དང་། དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི་1208 དབྱང་གཉིས་ཟི་རྫས་ཏུན་ཁྲི་36བཅས་འབུད་ཉུང་དུ་ཕྱིན་ནས། བོད་ཀྱི་ནུས་རྒྱུ་གཙང་མ་འདྲེན་སྤྱོད་དང་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་ཆེད་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།