དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་རང་སྐྱོང་ལྗོངས་ཀྱི་རིག་གནས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤེལ་རེས་བགྲོ་གླེང་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-18

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་མཛུབ་ཁྲིད་བྱས་པ་དང་བོད་རང་སྐྱོང་ལྗོངས་རིག་གནས་ཐོན་ལས་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་རིག་གནས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤེལ་རེས་བགྲོ་གླེང་ཚོགས་འདུ་ལྷ་སར་འཚོགས་པ་རེད།

    བགྲོ་གླེང་ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་རིག་གནས་ཐོན་ལས་མཐུན་ཚོགས་ཀྱིས་ཆེད་མངགས་གདན་ཞུ་བྱས་པའི་རིགས་གཅིག་མཁས་ཅན་ཏེ། ནན་ཅིང་སྒྱུ་རྩལ་སློབ་གླིང་ཏང་ཨུད་ཀྱི་ཧྲུའུ་ཅི་ཡུས་ཧྥུང་གིས་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པར་དམིཌ་ཏེ། ཟུར་ཚད་མི་འདྲ་བའི་ཐོག་ནས་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་ཐབས་ལམ་ལ་གཏིང་ཟབ་པ་དང་ཕྱོགས་ཡོངས་ནས་དབྱེ་ཞིབ་དང་རྒྱས་བཤད་བྱས་ནས་བོད་ཀྱི་རིག་གནས་ཐོན་ལས་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་དཔྱད་གཞི་མཁོ་འདོན་བྱས་པ་རེད། བོད་རང་སྐྱོང་ལྗོངས་རིག་གནས་ཐོན་ལས་མཐུན་ཚོགས་ཀྱིས་ཆེད་མངགས་གདན་ཞུ་བྱས་པའི་རིཌ་གཅིག་མཁས་ཅན་ཏེ། བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་ཐིང་ཀྲང་གཞོན་པ་ཨན་ཤའོ་ཡུས་ཀྱིས་ཁྲོམ་རའི་ངེས་གནས་དང་རིག་གནས་ཡུལ་སྐོར་སྤུས་རྟགས་གཏོད་པ་སོགས་ཀྱི་ཐད་ནས་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་རེད། བོད་རང་སྐྱོང་ལྗོངས་རིག་གནས་ཐོན་ལས་མཐུན་ཚོགས་ཀྱིས་ཆེད་མངགས་གདན་ཞུ་བྱས་པའི་རིགས་གཅིག་མཁས་ཅན་ཏེ། བོད་ལྗོངས་སློབ་ཆེན་ནོར་དཔལ་སློབ་གླིང་གི་ཡོན་ཀྲང་གཞོན་པ་དབྱང་ཨ་ཝུའེ་ཡིས་རིག་གནས་ཁེ་ལས་སྐྱེད་སྲིང་དང་འཕེལ་རྒྱས་ལ་དམིགས་ཏེ་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་གྲོང་གསེབ་ཀྱི་རིག་གནས་དར་རྒྱས་གཏོང་བའི་སྐོར་ནས་གཏམ་བཤད་བྱས་པ་རེད། དེ་རྗེས་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བ་དང་བོད་རང་སྐྱོང་ལྗོངས་རིག་གནས་ཐོན་ལས་མཐུན་ཚོགས་ཀྱི་ཚོགས་མིའི་འཐུས་མིས་རིག་གནས་ཐོན་ལས་ཀྱི་འབྲེལ་ཡོད་བརྗོད་དོན་གཙོ་བོར་དམིགས་ཏེ། རང་གི་ལྟ་སྟངས་གླེང་ནས་དུས་རབས་གསར་པའི་བོད་ཀྱི་རིག་གནས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བསམ་འཆར་དང་གྲོས་འགོ་མང་པོ་བཏོན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།