དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་ཕྱོགས་མང་སྟོབས་ཤུགས་མཉམ་འདོན་གྱིས་སྨན་རྫས་གཉེར་སྐྱོང་དང་བེད་སྤྱོད་ལྷུ་ཚིགས་ཀྱི་སྤུས་ཚད་དང་བདེ་འཇགས་ཡག་པོ་སྲུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-11-17

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་འདོམས་ཅུས་ཀྱིས་ཆ་འཕྲིན་ཡོངས་བསྒྲགས་བྱས་པར་གཞིགས་ན། ད་ལོ་ནས་བཟུང་ཞིང་ཆེན་སྨན་རྫས་ལྟ་འདོམས་ཅུས་ཀྱིས་སྨན་རྫས་གཉེར་སྐྱོང་དང་བེད་སྤྱོད་ལྷུ་ཚིགས་ཀྱི་བདེ་འཇགས་དང་སྤུས་ཚད་ལ་དམ་འཛིན་ནན་པོ་བྱས་ཏེ་ཐབས་མང་མཉམ་སྤྱོད་དང་ཕྱོགས་མང་སྟོབས་ཤུགས་མཉམ་འདོན་གྱིས་སྨན་རྫས་གཉེར་སྐྱོང་དང་བེད་སྤྱོད་ཀྱི་སྒྲིག་ལམ་སྲུང་སྐྱོང་རྒྱུན་མཐུད་བྱས་ཏེ་མི་དམངས་མང་ཚོགས་ཀྱིས་སྨན་རྫས་བདེ་འཇགས་དང་ནུས་ལྡན་སྤྱོད་པར་འགན་ལེན་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ཆེན་སྨན་རྫས་ལྟ་འདོམས་ཅུས་ཀྱིས་སྨན་རྫས་གཉེར་སྐྱོང་དང་བེད་སྤྱོད་ལྷུ་ཚིགས་ཀྱི་ཆེད་དོན་ཞིབ་བཤེར་དང་ཟུང་འབྲེལ་བྱས་ཏེ་རྒྱལ་ཁབ་ཅུས་ཀྱི་རིགས་གཅིག་མཁས་ཅན་སོགས་གདན་དྲངས་ནས་ཁྲིམས་སྲོལ་དྲིལ་བསྒྲགས་གསལ་འགྲེལ་དང་། སྲིད་འཛིན་ཁྲིམས་སྒྱུར། ཞིབ་བཤེར་གྱོད་སྒྲུབ་སོགས་དངོས་སྒྲུབ་གསོ་སྦྱོང་བྱས་པ་རེད། དེ་དང་ཆབས་ཅིག་རྒྱུན་གཏན་གྱི་ལྟ་འདོམས་དང་ཆེད་དོན་བཅོས་སྒྲིག་ལས་དོན་ཁྲོད་ས་གནས་ཁག་གི་ལྟ་འདོམས་ཀྱི་ད་ཡོད་གནས་ཚུལ་དང་གནད་དོན་ལ་དམིགས་ཏེ་ཞིབ་བཤེར་ལ་བརྟེན་ནས་སློབ་སྟོན་དང་། དུས་ཐོག་ཏུ་མཛུབ་ཁྲིད། ས་གནས་ས་ཐོག་ཏུ་དཔྱད་བརྗོད་བཅས་བྱས་ནས་སྨན་རྫས་གཉེར་སྐྱོང་དང་བེད་སྤྱོད་ལྷུ་ཚིགས་ཀྱི་ལྟ་འདོམས་དོན་འཁྱོལ་ཏན་ཏིག་ཐུབ་པར་སྐུལ་འདེད་བཏང་ཡོད། ནུབ་བྱང་ཁུལ་གྱི་ས་ཁོངས་ལས་བརྒལ་བའི་སྨན་རྫས་ལྟ་འདོམས་མཐུན་སྦྱོར་མཉམ་ལས་ལམ་སྲོལ་ལ་བརྟེན་ནས་ཧྲའན་ཤིས་དང་ཀན་སུའུ་སོགས་ཀྱི་ཞིང་ཆེན་ཅུས་མཚོ་སྔོན་དུ་གདན་དྲངས་ཏེ་ས་ཁོངས་ནང་ཁུལ་དུ་ཕན་ཚུན་ཞིབ་བཤེར་བྱེད་པ་དང་ཞིབ་བཤེར་བྱེད་རིང་ས་གནས་ས་ཐོག་ཏུ་སློབ་ཁྲིད་བྱས་ཏེ་ལྟ་འདོམས་ཀྱི་འཐབ་ས་དང་པོའི་མི་སྣའི་ཁྲིམས་སྒྱུར་གྱོད་སྒྲུབ་ཀྱི་འཇོན་ཐང་ཆེ་རུ་བཏང་ཡོད།

    སྡེ་ཚན་གྱི་མཉམ་འགུལ་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་བྱས་ནས་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཚན་དང་མཉམ་དུ་སྨན་རྫས་སྡེབ་ཚོང་ཁེ་ལས་དང་རིམས་འགོག་སྨན་ཁབ་ཚན་པ་སོགས་178ལ་ཞིབ་བཤེར་བྱས་པ་དང་། གྲོང་ཁྱེར(ཀྲོའུ)དང་རྫོང(ཆུས)ཁྲོམ་ར་ལྟ་འདོམས་སྡེ་ཚན་དབར་ཐོགས་མེད་མཉམ་འགུལ་རྒྱུན་འཁྱོངས་བྱས་པ། ཞིང་ཆེན་ཡོངས་ཀྱིས་སྨན་རྫས་དང་འབྲེལ་བ་ཡོད་པའི་ཁེ་ལས(ཚན་པ)6844ལ་ཞིབ་བཤེར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།