དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་ཀྱི་ཚོང་ཟོག་འབོར་ཆེན་གྱི་ཐོན་ཁུངས་བགོ་སྒྲིག་ལྟེ་གནས་ཐོག་མ་ཀྲེ་ཅང་དུ་བཙུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-11-16

    ཟླ་11ཚེས་13ཉིན《ཀྲུང་གོའི(ཀྲེ་ཅང་)རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱི་ཚོང་ཟོག་འབོར་ཆེན་གྱི་ཐོན་ཁུངས་བགོ་སྒྲིག་ལྟེ་གནས་འཛུགས་སྐྲུན་ཇུས་གཞིའི》སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཆན་འགོད་བཀའ་ལན་དངོས་སུ་ཁྱབ་བསྒྲགས་བྱས་པ་དང་རྒྱལ་ཡོངས་ཀྱི་ཚོང་ཟོག་འབོར་ཆེན་གྱི་ཐོན་ཁུངས་བགོ་སྒྲིག་ལྟེ་གནས་ཐོག་མ་དེ་ཀྲེ་ཅང་དུ་བཙུགས་པ་རེད།

    མཆན་འགོད་བཀའ་ལན་གྱི་བླང་བྱ་གཞིར་བཟུང་། ཇུས་གཞི་ལག་བསྟར་བྱེད་པར་ལམ་ལུགས་གསར་གཏོད་ལྟེ་བར་བྱས་ནས་རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཚོང་དོན་གྱི་སྒྲིག་སྲོལ་དང་རང་འགུལ་ངང་འབྲེལ་མཐུད་བྱེད་པ་དང་། ཚོང་ཟོག་འབོར་ཆེན་གྱི་མ་འཇོག་ཚོང་དོན་རང་མོས་ཅན་དང་སྟབས་བདེ་ཅན་ལ་མུ་མཐུད་སྐུལ་འདེད་གཏོང་བ། ཀྲུང་གོའི(ཀྲེ་ཅང)རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱི་སྒྱུར་བཅོས་སྒོ་དབྱེའི་ཕྱོགས་བསྡུས་ཚོད་ལྟའི་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་ནུས་ལྡན་བྱེད་པ། ཚོང་ཟོག་འབོར་ཆེན་གྱི་ཐོན་ཁུངས་བགོ་སྒྲིག་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཀྱི་ཡོད་པ་རེད།

    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《གཏན་འབེབས》ནང“ཆ་རྐྱེན་ཡོད་པའི་ས་ཁུལ་གྱིས་རྒྱལ་སྤྱིའི་ཟོག་འགྲེམས་ལྟེ་གནས་དང་ཚོང་ཟོག་འབོར་ཆེན་གྱི་ཐོན་ཁུངས་བགོ་སྒྲིག་ལྟེ་གནས་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་དགོས”ཞེས་བཏོན་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་ཀྲེ་ཅང་གིས་ཚོང་ཟོག་འབོར་ཆེན་གྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་ལམ་ལུགས་རང་བཞིན་གྱི་སྒོ་དབྱེ་བྱ་རྒྱུར་མུ་མཐུད་སྐུལ་འདེད་བཏང་ནས་ཚོང་ཟོག་འབོར་ཆེན་གྱི་ཐོན་ཁུངས་བགོ་སྒྲིག་རྟེན་གཞི་མགྱོགས་མྱུར་བཏོད་དེ་སྣུམ་རླངས་གསོག་འདྲེན་དང་། བཙོ་སྦྱངས་། ཚོང་དོན། ཉོ་ཚོང་སོགས་ཀྱི་ལྷུ་ཚིགས་ལ་དམིགས་ནས་ལམ་ལུགས་གསར་གཏོད་ཀྱི་གྲུབ་འབྲས་ཁག་125གྲུབ་པ་དང་རྒྱལ་ཡོངས་སུ་ཁག་32འདྲ་བཟོ་དང་ཁྱབ་གདལ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།