དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཆི་ལིའི་ཙུང་ཐུང་གིས་བརྗོད་དོན། ཆི་ཀྲུང་རིག་གནས་སྤེལ་རེས་བྱེད་རྒྱ་ཆེ་རུ་འགྲོ་བའི་རེ་བ་ཡོད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-11-16

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་སན་ཐེ་ཡ་ཀོ་ནས་གློག་འཕྲིན་འབྱོར་གསལ། ཚེས་13ཉིན་ཆི་ལིའི་ཙུང་ཐུང་པོ་ལི་ཆིས་ཀྲུང་ཧྭའི་ཤེས་དཔལ་གྱི་ལོ་རྒྱུས་རིང་བས་ཆི་ལི་དང་ཀྲུང་གོའི་རིག་གནས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པའི་རེ་བ་ཡོད་ཅེས་བརྗོད།

    པོ་ལི་ཆིས་ཉིན་དེར་ཆི་ལིའི་རྒྱལ་ས་སན་ཐེ་ཡ་ཀོར་སན་ཐེ་ཡ་ཀོའི་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་སྐབས་43པའི་ཀྲུང་གོའི་གཙོ་མགྲོན་རྒྱལ་ཁབ་ཀྱི་འགྲེམས་ཁུལ་དུ་ལྟ་སྐོར་བྱས་ཤིང་། ཁོང་གིས་དཔེ་དེབ་འགྲེམས་སྟོན་ཐོག་གསུང་བཤད་གནང་ནས་ཀྲུང་གོ་ནི་ཆི་ལིའི་ཚོང་དོན་རོགས་ཟླ་ཆེ་གྲས་ཨང་དང་པོ་ཡིན་པ་དང་། ཆི་ལི་སྲིད་གཞུང་གིས་ས་གནས་དེ་གའི་ཁེ་ལས་ཀྱིས་ཀྲུང་གོའི་ཁྲོམ་རར་སྔར་བས་ཞུགས་རྒྱུར་རོགས་རམ་ཐུབ་པའི་རེ་བ་ཡོད་ལ། རྒྱལ་ཁབ་གཉིས་པོའི་རིག་གནས་ཁྱབ་ཁོངས་ཀྱི་སྤེལ་རེས་རྒྱ་ཆེར་གཏོང་བའི་རེ་བ་ཡང་ཡོད། ཀྲུང་ཧྭའི་ཤེས་དཔལ་ནི་འཛམ་གླིང་ཐོག་ཆེས་གནའ་བོའི་ཤེས་དཔལ་གྱི་གྲས་ཤིག་ཡིན་ལ། ལོ་ངོ་ལྔ་སྟོང་ཙམ་བར་རྒྱུན་བསྐྱངས་པས་སློབ་སྦྱོང་བྱེད་རིན་མང་པོ་ཡོད་ཅེས་བརྗོད།

    ཆི་ལིའི་སན་ཐེ་ཡ་ཀོའི་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་ནི་ཆི་ལིའི་དཔེ་དེབ་ཚོང་ཚོགས་ཀྱིས་1981ལོར་བཙུགས་པ་དང་། དེ་ནི་ལ་ཏིང་མེ་གླིང་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་གལ་ཆེན་ཞིག་རེད། ཟླ་11ཚེས་8ནས་17ཉིན་བར་ཆི་ལིའི་སན་ཐེ་ཡ་ཀོ་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་སྐབས་43པ་སན་ཐེ་ཡ་ཀོའི་མཱ་པོ་ཆའོ་སྒྱུ་རྩལ་རིག་གནས་ལྟེ་གནས་སུ་གཉེར་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།