དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • དུས་ཚིགས་དང་པོ་ནས་གསུམ་པའི་བར་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-16

    ཉེ་ཆར། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་2024ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་ཁྲལ་འབབ་ལ་བརྟེན་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

    འདི་ལོ་ཚུན་དུ། བོད་ཀྱི་ཁྲལ་དོན་ཁོངས་གཏོགས་ཀྱིས་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་ཁྲལ་དོན་སྡེ་ཚན་གྱི་འགན་འཁྲི་ཧུར་ཐག་འཁུར་བ་དང་། ཁྲལ་དོན་ཁྲིམས་བཞིན་སྐྱོང་བ་དང་། གྲངས་ཀྱིས་དཔྱ་ཁྲལ་བཅོས་སྐྱོང་བྱེད་པ། དཔྱ་ཁྲལ་ནན་གྱིས་སྐྱོང་བ་བཅས་གཞི་གཅིག་གཏིང་ཟབ་ཏུ་གཏོང་བ་དང་ནུས་ཕྱོད་ཀྱི་ཁྲལ་དོན་ནུས་ཤུགས་ཡོད་རྒུས་བཏོད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྲལ་དོན་ལག་ལེན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཧུར་ཐག་ཞུས་ཡོད། ཁྲལ་འབབ་གྲངས་གཞི་ནི་དཔལ་འབྱོར་གྱི་གྲངས་གཞི་གལ་ཆེན་ཞིག་ཡིན་པས་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་ཐད་ཀར་མཚོན་ཐུབ་ཀྱི་ཡོད། གནས་ཐང་འཕར་ཁྲལ་གྱི་བཙོངས་འཛིན་གྲངས་གཞི་ལས་མངོན་པར། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་མུ་མཐུད་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ནས་རིམ་རྩིས་བརྒྱབ་ན་ཉོ་ཚོང་དངུལ་འབོར་དུས་མཚུངས་ལས་12.9%དང་3.1%འཕར་ནས་འཕེལ་རྒྱས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་ཡོད་པ་རེད།

    ཁྲལ་རིན་སྲིད་ཇུས་དོན་འཁྱོལ་ལ་འགན་ལེན་བྱ་ཆེད། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་གསུམ་ཁྲལ་དོན་སྡེ་ཚན་གྱིས་འགོ་ཁྲིད་གཙོ་བོས་གཙོ་འགན་འཁུར་བའི་ཁྲལ་རིན་གཟིགས་སྐྱོང་སྲིད་ཇུས་ཀྱི་དོན་འཁྱོལ་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས། གོང་འོག་མཉམ་འགུལ་དང་མཐུན་སྦྱོར་སྐུལ་འདེད་ཀྱི་ལས་ཀའི་རྣམ་པ་ཆགས་པ་དང་། ཁྲལ་རིན་གཟིགས་སྐྱོང་སྲིད་ཇུས་ཁག་ལྗོངས་ཡོངས་སུ་ནུས་ཆེ་དང་གནད་སྨིན་དོན་འཁྱོལ་ལ་སྐུལ་འདེད་བཏང་སྟེ། ཁེ་ལས་ཀྱི་ཁུར་པོ་ཡང་གཏོང་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་འདེགས་སྐྱོར་བརྟན་པོ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།