ཉིང་ཁྲི་གྲོང་ཁྱེར་གྱི“ཐཱན་སྙོམ”དངུལ་ཁང་ལས་ཚིགས་ཐོག་མ་བཙུགས་པ།
མི་དམངས་དངུལ་ཁང་ཉིང་ཁྲི་གྲོང་ཁྱེར་ཡན་ལག་དངུལ་ཁང་གི་རྒྱབ་སྐྱོར་ཤུགས་ཆེན་འོག སྦྲག་སྲིད་གསོག་འཇོག་དངུལ་ཁང་ཉིང་ཁྲི་གྲོང་ཁྱེར་ཉིང་ལག་དངུལ་ཁང་དང“ཀྲུང་ཐཱན་འགོད”གཉིས་ཀྱིས་མཉམ་ལས་བྱས་ཏེ། ནུས་ཤུགས་ཡོད་རྒུས“ཐཱན་སྙོམ”གཉེར་སྐྱོང་ལས་ཚིགས་བསྐྲུན་ནས“ཐཱན་འདུས་ཚད”ཚད་ལེན་ཞིབ་རྩིས་བདེ་བླག་ངང་ལེགས་གྲུབ་བྱུང་བ་དེ་ཐོག་ནས་ཉིང་ཁྲི་གྲོང་ཁྱེར་གྱི“ཐཱན་སྙོམ”དངུལ་ཁང་ལས་ཚིགས་ཐོག་མ་དངོས་སུ་བཙུགས་པ་མཚོན་ཡོད།
“ཐཱན་སྙོམ”དངུལ་ཁང་ལས་ཚིགས་བཙུགས་རྗེས། སྦྲག་སྲིད་གསོག་འཇོག་དངུལ་ཁང་ཉིང་ཁྲི་གྲོང་ཁྱེར་ཉིང་ལག་དངུལ་ཁང་གིས་རང་འགུལ་ངང་ལས་དོན་སྤེལ་ནས་ནུས་རྒྱུ་གཙང་མ་དང་། ནུས་རྒྱུ་གྲོན་ཆུང་གི་ཁོར་ཡུག་སྲུང་སྐྱོང་། ཐཱན་འབུད་ཉུང་གཏོང་ལག་རྩལ་སོགས་གཙོ་གནད་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་ནུས་ཤུགས་ཡོད་རྒུས་འབྲེལ་མཐུད་བྱས་ཤིང་། ཀྲུང་དབྱང་དངུལ་ཁང་གི་གཟིགས་སྐྱོང་དངུལ་བུན་བསྐྱར་གཏོང་སྲིད་ཇུས་སྤྱད་དེ་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་མ་གནས་དམའ་རུ་བཏང་སྟེ། ནུས་རྒྱུ་གཙང་མའི་རྣམ་གྲངས་2ལ་དངུལ་བུན་སྒོར་དུང་ཕྱུར་1.1བཏང་བ་དང་། དངུལ་བུན་ལས་བྱུང་བའི་ལྗང་མདོག་གྲོན་ཆུང་གི་ཚད་གཞི་ནི་ལོ་རེར་ཚད་ལྡན་རྡོ་སོལ་གྲོན་ཆུང་བྱེད་ཚད་ཏུན་12349.8ཟིན་པ་དང་། ལོ་རེར་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་21809.27 ལོ་རེར་དབྱང་གཉིས་ལིའུ་འགྱུར་ཏུན་352.71 ལོ་རེར་ཐཱན་དབྱང་འགྱུར་དངོས་ཏུན་57.06བཅས་ཉུང་དུ་ཕྱིན་ཡོད།