དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བྱེད་ཕོད་པ་དང་། མཆོང་ཕོད་པ། སྒྲུབ་ཕོད་པ། གསར་གཏོད་ཕོད་པ།

    —— ཁང་དམར་རྫོང་གིས་བྱ་གཞག་ཁག་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-15

    ད་ལོ་ནས་བཟུང་། ཁང་དམར་རྫོང་གིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་སྔར་བས་དམ་འཛིན་ནན་པོ་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་གཞིས་རྩེ་གྲོང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། “ཕོད་པ་བཞིའི”སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་བ་དང་། “ཕོད་པ”དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མཐའ་འཁྱོངས་གཏོང་བའི་ཐོག་མངོན་པ། “བྱེད་ཕོད་པ་དང་། མཆོང་ཕོད་པ། སྒྲུབ་ཕོད་པ། གསར་གཏོད་ཕོད་པ”བཅས་རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློའི་ཉམས་འགྱུར་དང་རང་རྟོགས་བྱ་སྤྱོད་དུ་འགྱུར་བར་བྱས་ཏེ། རྫོང་ཡོངས་ཀྱི་བྱ་གཞག་ཁག་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།

    དངོས་སྒྲུབ་ལ་བརྩི་མཐོང་མཐའ་འཁྱོངས་པ་བྱས་ནས་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་འཕེལ་བར་བྱས་པ།

    ཁང་དམར་རྫོང་གིས“ཆབ་སྲིད་ཀྱི་ལམ་ཕྱོགས་གཏན་འཁེལ་ཟིན་རྗེས། ལས་བྱེད་པ་ནི་ཐག་གཅོད་ཀྱི་རྒྱུ་རྐྱེན་ཡིན་པ”ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ནས། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བྱ་བ་སྒྲུབ་འདོད་ལ་བྱ་བ་སྒྲུབ་ཐུབ་པ་དང་། བྱ་བ་སྒྲུབ་མཁས་པའི་ལས་བྱེད་པ་བདམས་ནས་བཀོལ་སྤྱོད་བྱེད་བཞིན་ཡོད། ད་ལོ་ནས་བཟུང་། ལས་བྱེད་པ་19གོ་གནས་སྤར་བ་དང་ས་བབ་མཐོ་དམན་ལ་གཞིགས་ནས་མི་5སྤེལ་རེས་ལེགས་གྲུབ་བྱུང་ཡོད། ཕུལ་བྱུང་ཤེས་ལྡན་ལས་བྱེད་པའི་མཛོད་དང་རྗེས་གྲབས་ལས་བྱེད་པའི་མཛོད་སྐབས་བསྟུན་དུ་བཙུགས་ནས། རིགས་ཁག་གི་ཕུལ་བྱུང་ལས་བྱེད་པ་དང་ཤེས་ལྡན་པ་219གྲབས་གསོག་བྱས་ཡོད།

    ཁང་དམར་རྫོང་གིས《ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་དཔྱད་ཞིབ་ཀྱི་ལས་ཀའི་སྲོལ་ཡིག》དོན་འཁྱོལ་ནན་ཏན་བྱས་ནས། ལོ་མཇུག་གི་ཕྱོགས་བསྡུས་དཔྱད་ཞིབ་ལས་དོན་ནན་པོ་སྤེལ་ཏེ། ལོ་འཁོར་དཔྱད་ཞིབ་ནང་ཕུལ་བྱུང་རིམ་པའི་ལས་བྱེད་པ་དང་ལས་བཟོ་232དང་གཞུང་ལས་པའི་མཉམ་སྡེབ་3ལ་བརྡ་ཁྱབ་བཏང་ནས་གཟེངས་བསྟོད་བྱས་པ་མ་ཟད། བྱ་དགའི་དངུལ་སྒོར་ཁྲི་37.8སྤྲད་པ་རེད། སྔོན་ཐོན་ཚན་པ་དང་མི་སྒེར་ལ་བྱ་དགའི་དངུལ་སྒོར་ཁྲི་97.3སྤྲད་པ་དང་། རང་སྐྱོང་ལྗོངས་ཀྱི་ཤེས་དཔལ་ཚན་པ་བཏོད་པར་བྱ་དགའི་དངུལ་སྒོར་ཁྲི་22.29སྤྲད་ནས་སྔོན་ཐོན་བརྩོན་ལེན་བྱེད་པའི་རྣམ་པ་བཟང་པོ་མུ་མཐུད་བཏོད་ཡོད།

    སྒྱུར་བཅོས་ཀྱི་ནུས་པ་མཐའ་འཁྱོངས་བྱས་ནས་སྤྱི་ཚོགས་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བར་བྱས་པ།

    ཁང་དམར་རྫོང་གིས་སྲོལ་རྒྱུན་གྱི་འཕེལ་རྒྱས་གཏོང་སྟངས་དང་རྣམ་པ་ཆུང་ངུའི་འཕེལ་རྒྱས་གཏོང་སྟངས་ལ་བཅིངས་འགྲོལ་མཐའ་གཅིག་ཏུ་བཏང་སྟེ། ལམ་སྲོལ་སྔར་བས་འཛུགས་པ་དང་། འཇུར་མིག་གཏོར་བ། གསོན་ཤུགས་འཕེལ་བ་བཅས་བྱས་ཡོད། ཐོ་འགོད་ཀྱི་བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ཅན་དང་། “ལག་ཁྱེར་མང་པོ་གཅིག་སྒྲིལ” “སྔོན་ལ་འཁྲོལ་འཛིན་དང་རྗེས་སུ་ཆོག་འཐུས་ལག་ཁྱེར” “འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེ”བཅས་ཀྱི་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་དང་། གཉེར་སྐྱོང་བྱེད་པོའི་རིག་ནུས་ཞིབ་མཆན་འགོད་པའི་མཐའ་སྣེ་རྒྱུན་རྣམ་ཅན་དང་ཉིན་མཚན་དབྱེར་མེད་ཀྱི་ཞབས་ཞུ་སོགས་ཀྱི་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གང་མགྱོགས་བཏང་ཡོད།

    ད་ལོ་ནས་བཟུང་། ཁང་དམར་རྫོང་གིས་ཚན་རིག་དང་མཐུན་པའི་འཆར་འགོད་བྱས་ནས་གཙོ་གནད་རྣམ་གྲངས་49ལས་འགོ་འཛུགས་པའམ་ལས་འགོ་བསྐྱར་འཛུགས་ལ་སྐུལ་འདེད་གང་མགྱོགས་བཏང་བར་མ་དངུལ་སྒོར་ཁྲི་5699བཏང་ཡོད་པ་རེད། གྲོང་ཁྱེར་ནང་ཁུལ་དུ་རིག་གནས་ཡུལ་སྐོར་འོས་སྦྱོར་དང“ཁང་དམར་དུ་ཉིན་གཅིག་ཡུལ་སྐོར་བྱེད་པའི”བྱེད་སྒོ་སྐབས་དང་པོ་བདེ་བླག་ཏུ་གཉེར་བ་དང་། དུས་ཚིགས་དང་པོར་ཡུལ་སྐོར་བ་མི་ཐེངས་ཁྲི་2.5ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་ཁྲི་538ཟིན་པ་དེ་དུས་མཚུངས་ལས་90.39%དང་96.95%སོ་སོར་འཕར་ཡོད། མ་དངུལ་སྒོར་ཁྲི་50བཏང་ནས་བྲིན་ཐབས་བྱེད་སྒོ་སྤེལ་བར། སྒོར་ཁྲི་365.54ཡི་འཛད་སྤྱོད་ལ་སྐུལ་ཁྲིད་བྱས་པ་དང་། དུས་ཚིགས་དང་པོར་རྫོང་ཡོངས་ཀྱི་GDPསྒོར་དུང་ཕྱུར་2.08ཟིན་བཟོ་ཡོད་པ་དེ་དུས་མཚུངས་ལས་7.8%འཕར་ཡོད།

    མི་དམངས་ཀྱི་ལངས་ཕྱོགས་མཐའ་འཁྱོངས་བྱས་ནས་མང་ཚོགས་ཀྱི་གསར་གཏོད་ཀྱི་སྤྲོ་སེམས་འཕེལ་བར་བྱས་པ།

    ཁང་དམར་རྫོང་གིས་རང་རྟོགས་ངང་སྤྱོད་ཚུལ་ལེགས་སུ་བཏང་བའི་ཕན་འབྲས་དེ་དམངས་འཚོ་ལེགས་གཏོང་དང་འབབ་འཕར་ཕྱུག་འགྱུར་གྱི་ཐོག་ནས་མངོན་ཐུབ་པར་བྱས་པ་དང་། མི་དམངས་མང་ཚོགས་ཁྲོད་གནས་པའི་གསར་གཏོད་ཀྱི་གཏིང་ཤུགས་དང་གསར་གཏོད་ཀྱི་བློ་གྲོས་གང་ལེགས་བཏོན་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱིས་དེ་བས་ལེགས་པའི་སྒོ་ནས་གསར་གཏོད་བྱེད་རྒྱུར་ལྕག་སྐུལ་བྱས་ཡོད།

    ཁང་དམར་རྫོང་གིས་ལས་རིགས་རྩལ་ནུས་གསོ་སྦྱོང་གི་སྲིད་ཇུས་ལམ་སྲོལ་ནུས་ཤུགས་ཡོད་རྒུས་འཐུས་སྒོ་ཚང་དུ་བཏང་སྟེ། མཐོ་སློབ་སློབ་ཐོན་སློབ་མ་དང་། དམག་ཞབས་ཐིམ་པའི་དམག་མི། ཞིང་འབྲོག་མང་ཚོགས་སོགས་སྒྲིག་འཛུགས་བྱས་ནས། རྩལ་ནུས་གསོ་སྦྱོང་དུས་ཐེངས་18སྤེལ་བར་མི་552ཞུགས་པ་དང་། ཁོང་ཚོའི་རང་བརྟེན་ལས་གཏོད་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ། སློབ་ཆེན་སློབ་མ་2ལ་ལས་གཏོད་ཁ་གསབ་དངུལ་སྒོར་ཁྲི་12.5སྤྲད་པ་དང་། “ཤེས་ལྡན་པ་གདན་འདྲེན་དང་ལག་རྩལ་ནང་འདྲེན”གྱི་བྱ་ཐབས་སྤྱད་དེ། ས་བབ་མཐོ་ཚད་སྨི་4300ཟིན་པའི་ཉིང་རུ་སྨད་ཤང་དུ་འདྲེ་ཚེར་མ་ཚོད་འདེབས་བྱས་པར། མང་ཚོགས་ལ་ལས་ཞུགས་ལ་མཁོ་བའི་ལག་རྩལ་དང་། ཕྱུག་འགྱུར་གྱི་ལམ་བུ་རྙེད་ཡོད་པ་རེད། མིག་སྔར། འདྲེ་ཚེར་མའི་འདེབས་འཛུགས་རྒྱ་ཁྱོན་མུའུ་170ཟིན་ཞིང་། དེས་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་པ་དང་དུས་མཚུངས། ཞིང་འབྲོག་མང་ཚོགས་ཀྱི་དཔལ་འབྱོར་ཡོང་འབབ་ཀྱང་མང་དུ་ཕྱིན་ཡོད། ས་མཐོའི་ཤིང་ཏོག་དང་སྔོ་ཚལ་འདེབས་འཛུགས་རྣམ་གྲངས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། ས་དམར་མདའ་ཤང་གིས་ཐོན་ཁུངས་ཀྱི་ལེགས་ཆ་དང་ཟུང་དུ་འབྲེལ་ཏེ་འགྱིག་ཤོག་དྲོད་ཁང་17བསྐྲུན་པར། དཔལ་འབྱོར་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་བྱུང་བ་མ་ཟད། མང་ཚོགས་5ལས་ཞུགས་བརྟན་པོ་ཡོང་བར་སྐུལ་ཁྲིད་ཀྱང་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།