དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ནང་འདྲེན་དངོས་མང་སྟོན་ཚོགས་རིང་མཚོ་སྔོན་གྱི་ཞིང་འབྲོག་ཁེ་ལས་ཀྱིས་མ་དངུལ་སྒོར་དུང་ཕྱུར་2.95ལྷག་ཙམ་ཟིན་པའི་འདོད་མཐུན་གན་རྒྱ་བཞག་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-11-15

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་11ཚེས་11ཉིན་གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་བར། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་བདུན་པའི(གཤམ་དུ“ནང་འདྲེན་དངོས་མང་སྟོན་ཚོགས”ཞེས་བསྡུ་རྒྱུ)རིང་མཚོ་སྔོན་ཞིང་ཆེན་གྱི་འབྲི་གཡག་དང་། ལུག ནས། ཞོག་ཁོག མཚོ་སྔོན་གྱི་བོད་སྨན། འབྲུ་སྣུམ། འདྲེ་ཚེར་མ་སོགས་ཞིང་འབྲོག་ཐོན་རྫས་སྣ་ཁ་11ས་གནས་ས་ཐོག་ཏུ་འགྲེམས་ཚོང་བྱས་ཤིང་། མཚོ་སྔོན་ཝུའེ་སི་ཏུན་ཞོག་ཁོག་ལས་རིགས་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སི་དང་། ཡུལ་ཤུལ་ཁྲི་འདུའི་ས་མཐོའི་འབྲི་གཡག་འབྲོག་ཟོག་ཚད་ཡོད་ཀུང་སི། མཚོ་སྔོན་ཁུ་ཁུ་ཤིས་རི་བཟའ་བཅའ་ཚད་ཡོད་ཀུང་སི་སོགས་ཞིང་འབྲོག་ཁེ་ལས་8ཀྱིས་ཧོ་ལན་དང་། ཝུ་ར་ཀུའེ། ཧྲང་ཧའེ་སོགས་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་ཆེ་གྲས་10དང་སྒོར་དུང་ཕྱུར་2.95ལྷག་ཙམ་ཟིན་པའི་འདོད་མཐུན་གན་རྒྱ་བཞག་པ་རེད།

    ནང་འདྲེན་དངོས་མང་སྟོན་ཚོགས་སུ་ཞུགས་རིང་། མཚོ་སྔོན་གྱི་ཞིང་འབྲོག་ཁེ་ལས་22ཀྱིས་ཐོན་སྐྱེད་དང་བྲིན་འཚོང་འབྲེལ་མཐུད་ཀྱི་ཆེད་དོན་ངོ་འཕྲད་གྲོས་མོལ་དང་། ས་གནས་ས་ཐོག་ཏུ་གཅིག་སྡུད་གན་འཇོག ཞིང་འབྲོག་ཐོན་རྫས་འགྲེམས་སྟོན་སོགས་ཀྱི་བྱེད་སྟངས་སྤྱད་དེ“ས་གཙང་མཚོ་སྔོན·ས་མཐོའི་སྤུས་དག”ཅེས་པའི་ཞིང་འབྲོག་ལས་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ཀྱི་གཟུགས་བརྙན་གནད་སྨིན་དང་ནུས་ཆེའི་སྒོ་ནས་དྲིལ་བསྒྲགས་བྱས་པར་རྒྱལ་ཁབ་ཕྱི་ནང་གི་མ་འཇོག་མཁན་གྱི་དོ་ཁུར་དང་རྒྱབ་སྐྱོར་ཐོབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།