དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཅི་ཧྲི་ཧྲན་ས་ཡོམ་གྱི་མཚོ་སྔོན་ཡོམ་ཁུལ་གྱི་གཅིག་སྡུད་གནས་སྤོ་བཀོད་སྒྲིག་བྱ་ཡུལ་30ཚང་མར་གློག་ཤར་གཏོང་ཐུབ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-11-15

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་11ཚེས་13ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སི་ནས་ཤེས་རྟོགས་བྱས་པར། ཉེ་ཆར་ཅི་ཧྲི་ཧྲན་ས་ཡོམ་གྱི་མཚོ་སྔོན་ཡོམ་ཁུལ་གྱི་ས་གཤིས་གནོད་འཚེ་འགོག་གཡོལ་གྱི་གཅིག་སྡུད་གནས་སྤོ་བཀོད་སྒྲིག་བྱ་ཡུལ་30ཡི་ལེ་ལག་ཚང་བའི་གློག་དྲའི་ལས་གྲྭ་ཚང་མ་ལེགས་གྲུབ་ཟིན་ནས་གནོད་འཚེ་ཕོག་པའི་མང་ཚོགས་སྒྲིག་ཁང་ནས་གཏན་འཇགས་སྡོད་ཁང་གསར་པར་སྤོ་བར་གློག་སྤྱོད་འགན་ལེན་བྱས་ཡོད།

    2023ལོའི་ཟླ་12ཚེས་18ཉིན་ཀན་སུའུ་ཞིང་ཆེན་ཀ་ཆུ་ཧུད་རིགས་རང་སྐྱོང་ཀྲོའུ་ཅི་ཧྲི་ཧྲན་རྫོང་དུ་ས་ཡོམ་རིམ་པ་6.2བརྒྱབ་ནས་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྱི་ས་ཁུལ་ཁག་གཅིག་ཏུ་གནོད་འཚེ་ཚབས་ཆེན་ཕོག་ཡོད། ས་ཡོམ་བརྒྱབ་རྗེས་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཚན་གྱིས་གེགས་རྗེས་བསྐྱར་སྐྲུན་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཞིང་། རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀྱིས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་སྐོར་གྱི་མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་བཀོད་སྒྲིག་དང་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ། བཀོད་སྒྲིག་བྱ་ཡུལ་གྱི་ལེ་ལག་ཚང་བའི་གློག་ཤུགས་ལས་གྲྭ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། ཆན་ཧྥུའུ་10དང་དེ་མན་གྱི་གློག་སྐུད་སྟོང་སྨི་35.62འཁྲིད་པ། གློག་སྒྱུར་ཆས་26སྒྲིག་སྦྱོར་བྱས་པ་བཅས་ལས་མང་ཚོགས་དུད་ཚང་1255ལ་ཕན་པ་ཐོབ་ཡོད།

    གཞན་ཡང་རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀུང་སིས་བཀོད་སྒྲིག་བྱ་ཡུལ་གྱི་གློག་གཏོང་གི་ཐོགས་མེད་བགྲོད་ལམ་གཏོད་པ་དང་། གློག་གཏོང་ལྷུ་ཚིགས་དང་བརྒྱུད་རིམ་ཁྱོན་ཡོངས་ནས་སྟབས་བདེ་རུ་གཏོང་བ། སྒོ་རྩར་བསྐྱོད་ནས་ཞབས་འདེགས་ཞུ་བ། “གཅིག་འཐུས་རྣམ་པའི”དྲ་ཐོག་བདག་སྤྲོད་བྱེད་སྟངས་སྤྱོད་པ་བཅས་བྱས་ནས་གནས་སྤོའི་དུད་ཚང་གི་གློག་སྤྱོད་ལ་སེམས་ཁྲལ་མེད་པའི་འགན་ལེན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།