དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཐབས་མང་མཉམ་སྤྱོད་འཛད་སྤྱོད་འཕར།དཔལ་འབྱོར་འཕེལ་ཚུལ་ལེགས་སུ་ཕྱིན།——བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ས་དང་པོའི་མཐོང་ཐོས།ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ།ཅང་མོང་ཁྲེན་དང་ཝུའེ་ཀོན་ཡུས།ནུས་ལྡན་གྱི་མ་འཇོག་ལ་བརྟེན་ནས་འཕེལ་རྒྱས་གསར་པར་སྐུལ་འདེད་བཏང་བ།ཉེ་ཆར

    བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ས་དང་པོའི་མཐོང་ཐོས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཅང་མོང་ཁྲེན་དང་ཝུའེ་ཀོན་ཡུས།   |     སྤེལ་དུས།  2024-11-14

    ཉེ་ཆར་གསར་འགོད་པ་བོད་ཀྱི་ས་ཆ་མང་པོར་བཅར་འདྲི་བྱེད་པར་བསྐྱོད་པས་ཕྱོགས་གཉིས་མཉམ་སྒུལ་གྱི་མ་འཇོག་བྱེད་སྟངས་གསར་པ་དང་ཕུན་སུམ་ཚོགས་སུ་རྒྱུན་ཆད་མེད་པར་འགྲོ་བའི་འཛད་སྤྱོད་བྱེད་སྟངས་གསར་པ་སོགས་གངས་ལྗོངས་ས་མཐོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་གསར་པ་ཚོར་བྱུང་།

    གྲངས་གཞི་ལས་མངོན་པར། དུས་ཚིགས་དང་པོ་ནས་གསུམ་པའི་བར་བོད་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1785.74ཟིན་པ་དེ་དུས་མཚུངས་ལས་6.2%འཕར་བ་དང་། རང་སྐྱོང་ལྗོངས་ཀྱི་གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་21777ཟིན་པ་དེ་དུས་མཚུངས་ལས་8.1%འཕར་བ། ལྗོངས་ཡོངས་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་671.06ཟིན་པ་དེ་དུས་མཚུངས་ལས་6.2%འཕར་ཡོད་པ་རེད།

    བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ས་དང་པོའི་མཐོང་ཐོས།

    ལྷ་ས་གྲོང་ཁྱེར་གདོང་དཀར་བཙོག་ཆུ་གཙང་གསིང་བཟོ་གྲྭས་གྲོང་མིའི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པ་དང་ཉིང་ཁྲི་གྲོང་ཁྱེར་གྱི་ཡུན་གནས་ཡུག་ཁུལ་གྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་རྟེན་གཞིས་འཚོ་བའི་གནས་རྟགས་གསར་སྤེལ་བྱེད་པ་སོགས་བོད་ཀྱི་ས་ཆ་མང་པོ་ཞིག་གིས་གཙོ་གནད་མ་འཇོག་རྣམ་གྲངས་ལ་སྐུལ་འདེད་བཏང་ནས་རྨང་གཞིའི་སྒྲིག་བཀོད་དང་། དེང་རབས་ཞབས་ཞུའི་ལས་རིགས། དམངས་འཚོའི་འདུ་འགོད་བཅས་འཛུགས་སྐྲུན་ཐད་ཤུགས་སྣོན་བརྒྱབ་ཡོད་པ་རེད།

    མ་འཇོག་རྣམ་གྲངས་དོན་འཁྱོལ་ཐུབ་པར་འགན་ལེན་བྱ་ཆེད། བོད་ཀྱིས་ད་ལོ་རྒྱལ་བུན་དང་སྲིད་གཞུང་གི་ཆེད་དོན་བུ་ལོན་སོགས་ཀྱི་རྣམ་གྲངས་ལ་མ་རྩ་འཇོག་རྒྱུར་རང་འགུལ་ངང་སྦྲེལ་མཐུད་བྱས་པས་དུས་ཚིགས་དང་པོ་ནས་གསུམ་པའི་བར་ལྗོངས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་རྩ་འཇོག་ཚད་མགྱོགས་མྱུར་འཕར་ནས་སྒོར་དུང་ཕྱུར་དང་དེ་ཡན་གྱི་རྣམ་གྲངས་ལ་མ་རྩ་འཇོག་ཚད་དུས་མཚུངས་ལས་38.0%འཕར་ཏེ་མ་འཇོག་བྱེད་ཚད་ཚང་མ་བརྒྱ་ཆའི་གྲངས་19འཕར་རྒྱུར་སྐུལ་ཁྲིད་ཐུབ་ཡོད་པ་རེད།

    སྤྱི་པའི་མ་འཇོག་རྒྱུན་མཐུད་ངང་དོན་འཁྱོལ་བྱས་པ་མ་ཟད། ཁེ་ལས་ཀྱི་མ་དངུལ་ཡང་མགྱོགས་མྱུར་ས་མཐོར་བཏང་ནས་ཕྱོགས་གཉིས་མཉམ་སྒུལ་གྱི་མ་འཇོག་རྣམ་པ་ཞིག་ཆགས་ཡོད།

    ཉེ་ཆར། བོད་ལྗོངས་བདུད་རྩི་བོད་སྨན་ཐོན་ལས་ཚོགས་པ་ཚད་ཡོད་ཀུང་སི་དང་ཀོང་ཀྲོའུ་གསོ་རིག་སྨན་རྫས་ཚོགས་པ་ཚད་ཡོད་ཀུང་སིས་ལྷ་སར་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་དེ་རྐང་དབང་མ་འཇོག་དང་། ཁྲོམ་ར་རྒྱ་སྐྱེད། ཚན་ཞིབ་གསར་གཏོད། ཤེས་ལྡན་པ་སྤེལ་རེས་སོགས་ལ་མཉམ་ལས་གཏིང་ཟབ་བྱས་པ་རེད།

    “གོམ་སྟབས་རྗེས་མར་ང་ཚོས་ད་དུང་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཚན་ཞིབ་གསར་གཏོད་ལ་ཤུགས་སྣོན་རྒྱག་པ། དོ་དམ་ཞིབ་ཚགས་སུ་གཏོང་བ་སོགས་ལ་ཤུགས་སྣོན་བརྒྱབ་སྟེ་འཕེལ་རྒྱས་མགྱོགས་མྱུར་ཡོང་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན”ཞེས་བདུད་རྩི་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་དགེ་ལེགས་པ་སངས་ཀྱིས་བཤད།

    ཡོང་འབབ་འཕར་བས་འཛད་སྤྱོད་ཀྱི་གསོན་ཤུགས་གསར་པ་འཕེལ་བ།

    ལྷ་ས་གྲོང་ཁྱེར་ཤར་འདབས་ཀྱི་དབན་ཏ་ཐང་ཆེན་དུ་གཟའ་མཇུག་སྐབས་མིས་ཁེངས་ཀྱི་ཡོད།

    དུས་ཚིགས་དང་པོ་ནས་གསུམ་པའི་བར་བོད་ཀྱི་གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་21777ཟིན་པ་དེ་དུས་མཚུངས་ལས་8.1%འཕར་ཡོད། ཡོང་འབབ་བརྟན་པོ་འཕར་བ་དང་ཆབས་ཅིག་བོད་ཀྱི་འཛད་སྤྱོད་ཁྲོམ་རའི་གདེང་ཚོད་དང་གསོན་ཤུགས་ཀྱང་མངོན་ཡོད།

    ས་མཐོར་རླུང་གནོན་དམའ་བ་དང་ཁ་ལག་འཚོད་མི་བདེ་བས་བོད་ཀྱི་མང་ཚོགས་ཚོས་ས་མཐོའི་ཐབ་ཆས་ལ་དགའ་པོ་བྱེད་ཀྱི་ཡོད། “དབུགས་རྡིག་དེ་རིགས་སྤྱད་ཚེ་ལག་པ་མི་འཚིག་པ་དང་གང་སར་མི་འཐོར་བ་སོགས་ཡོད་ལ། ཁེབས་གཅོད་སྟེང་ནས་དྲོད་ཚད་མངོན་ཐུབ”ཅེས་བོད་ལྗོངས་ཧྲང་ཁྲུའུ་ཐབ་ཆས་ཚན་རྩལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཀའོ་ཅིའུ་ཧོ་ཡིས་ངོ་སྤྲོད་བྱས།

    2023ལོར་ཞིང་འབྲོག་པར་ས་མཐོའི་ཐབ་ཆས་ཁྲི་69སྤྲད་པ་རེད། ད་ལོ། བོད་ཀྱིས་ཁྱོན་མ་དངུལ་སྒོར་ཁྲི་6443བཏང་ནས་ས་མཐོའི་ཐབ་ཆས་གསར་རྙིང་བརྗེ་བར་རྒྱབ་སྐྱོར་བྱས་ཡོད།

    བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་ཐིང་ཀྲང་གཞོན་པ་ཧྲེ་ཁྲེང་ཧྭ་ཡིས། ད་ལོའི་ཟླ་9པར་རང་སྐྱོང་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་5ལྷག་ཙམ་བཏང་ནས་སྒྲིག་ཆས་གསར་བརྗེས་དང་འཛད་རྫས་གསར་རྙིང་བརྗེ་བར་རྒྱབ་སྐྱོར་བྱས་པའི་ནང་རླངས་འཁོར་དང་། ཁྱིམ་སྤྱོད་གློག་ཆས། སྒུལ་ཤུགས་གློག་རྫས། ས་མཐོའི་ཐབ་ཆས་སོགས་ཚུད་ཡོད། ཟླ་10པའི་ཟླ་མཇུག་བར་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་4.3བཏང་ནས་འཛད་སྤྱོད་སྒོར་དུང་ཕྱུར་35.52འཕར་རྒྱུར་ཐད་ཀར་སྐུལ་ཁྲིད་བྱས་ཡོད་ཅེས་བརྗོད་པ་རེད།

    ཕྱི་ཕྱོགས་ཚོང་དོན་ལ་འགྱུར་ལྡོག་གསར་པ་བྱུང་བ།

    བོད་ལྗོངས་གཏིང་སྐྱེས་རྫོང་འདྲེན་ཐང་གྲོང་རྡལ་གྱི་ཀྲུང་ནེའི་སྲོལ་རྒྱུན་མཐའ་མཚམས་ཚོང་དོན་ས་ཚིགས་སུ་ཀྲུང་གོ་ཕྱོགས་ཀྱི་ཚོང་དུད་110དང་ནེ་པ་ལ་ཕྱོགས་ཀྱི་ཚོང་དུད་47གྱིས་ཉེར་མཁོའི་ཚོང་ཟོག་དང་། ཞིང་ལས་ཀྱི་དམིགས་བསལ་ཐོན་རྫས། བཟོ་རྩལ་ཐོན་རྫས་སོགས་ཚུད་པའི་ཚོང་ཟོག་སྣ་ཚོགས་བཤམས་ཡོད་པ་རེད།

    བོད་ལྗོངས་ནི་རང་རྒྱལ་གྱིས་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་དབྱེ་བའི་བགྲོད་ལམ་གལ་ཆེན་ཞིག་ཡིན། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་བོད་ཀྱི་མཐའ་མཚམས་ཀྱི་གྲངས་ཉུང་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་26.15ཟིན་ནས་48.1%འཕར་བ་དང་མཐའ་མཚམས་གྲོང་མིའི་ཚོང་དོན་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་0.34ཟིན་ནས་32.3%འཕར་ཡོད་པ་རེད།

    གྲངས་གཞི་ལས་མངོན་པར། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་84.36ཟིན་པ་དེ་དུས་མཚུངས་ལས་10.2%འཕར་ཡོད་པ་རེད།

    བོད་རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཕིང་གིས“2024ལོ་ཚུན། བོད་ཀྱིས་ནུས་ལྡན་མ་འཇོག་རྒྱ་ཆེར་མུ་མཐུད་བཏང་བ་དང་། ཐབས་མང་མཉམ་སྤྱོད་ཀྱིས་འཛད་སྤྱོད་འཕར་བར་བྱས་པ། གནད་ཆེའི་རྒྱུ་རྐྱེན་གྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་བཅས་བྱས་པས་དུས་ཚིགས་དང་པོ་ནས་གསུམ་པའི་བར་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་ལེགས་སུ་བརྟན་པོ་ཕྱིན་པ་དང་དཔལ་འབྱོར་གྱི་སྟོན་གྲངས་གཙོ་བོའི་འཕར་ཚུལ་བཟང་པོ་རྒྱུན་མཐུད་ཐུབ་ཡོད”ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།