བོད་རིགས་བུ་མོ་ཞིག་གིས་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ལ་བརྟེན་ནས་ཕྱུག་འགྱུར་ལམ་དུ་བསྐྱོད་པ།
འདི་ནི་ཉེ་དུས“མཁྱེན་ལི་བཟོ་ཁང”གི་པར་རྒྱག་ཁང་དུ་ཟླ་བ་སྒྲོལ་མས(གཡོན)མོ་ཐྲོལ་ལ་སྤུས་རྟགས་ཀྱི་རྣ་རྒྱན་བཏགས་ནས་པར་ཇི་ལྟར་རྒྱག་དགོས་མིན་སྐོར་སློབ་བཞིན་པ།
འདི་ནི་ཟླ་བ་སྒྲོལ་མས(གཡོན)ཁྱིམ་གྱི་ཉེ་འགྲམ་དུ་ཡོད་པའི་སྦྲག་སྲིད་ཟོག་འགྲེམས་མྱུར་སྐྱེལ་ཞབས་ཞུའི་ས་ཚིགས་སུ་གཞན་གྱིས་མངགས་པའི་དངོས་ཟོག་སྐུར་བཞིན་པ།
སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་སྡེ་དགེ་རྫོང་སྨན་ཤོད་ཀྱི་ལག་ཤེས་བཟོ་རྩལ་གྱི་ཁྱིམ་ཚང་ཞིག་ཏུ་སྐྱེས་པའི་བོད་རིགས་བུ་མོ་ཟླ་བ་སྒྲོལ་མའི་ཁྱིམ་རྒྱུད་ལ་ལོ་ཉིས་བརྒྱ་ལྷག་ཙམ་གྱི་ལི་མའི་ཐོན་རྫས་བཟོ་བའི་ལོ་རྒྱུས་ལྡན་ཡོད། ཕ་ཡུལ་གྱི་ལག་ཤེས་བཟོ་རྩལ་ཁྱབ་གདལ་གཏོང་ཆེད། ཕྱི་རྒྱལ་དུ་ཚོང་ལས་རིག་པའི་ཤེས་བྱ་སྦྱངས་རྗེས་ཟླ་བ་སྒྲོལ་མ་ཕ་ཡུལ་དུ་ལོག་ནས་གཅུང་པོ་ཟླ་བ་གྲགས་པ་དང་མཉམ་དུ་ལས་གཏོད་བྱས་ཏེ་སྲོལ་རྒྱུན་གྱི་ཟངས་སྐུ་དང་དེ་བཞིན་དེང་རབས་ཀྱི་རིག་གནས་བསམ་བཀོད་ཐོན་རྫས་བཟོས་ནས་འཚོང་གི་ཡོད།
ས་གནས་དེ་གའི་འབྲེལ་ཡོད་སྡེ་ཚན་གྱི་རོགས་སྐྱོར་འོག གཅེན་གཅུང་གཉིས་ཀྱིས“མཁྱེན་ལི་བཟོ་ཁང”གི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཐོན་རྫས་རྒྱལ་ཁབ་ཕྱི་ནང་དུ་བཙོངས་ཏེ། ཡུལ་དེའི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་ཡོད། ཟླ་བ་སྒྲོལ་མས“སྒྱུ་རྩལ་པ”ཡག་པོ་ཞིག་བྱེད་པ་མ་ཟད། ད་དུང་ལག་ཤེས་བཟོ་རྩལ་ཁྱབ་གདལ་གཏོང་མཁན་ཡང་བྱེད་ཀྱི་ཡོད། ཁོང་གིས་རང་ཉིད་ཀྱིས་སྦྱངས་པའི་ཤེས་བྱར་བརྟེན་ནས་ཡུལ་དེའི་ལག་ཤེས་བཟོ་རྩལ་པ་སྐུལ་ཁྲིད་བྱས་ཏེ་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད།