དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྗོངས་ཡོངས་ཀྱི་གཞི་རིམ་རྐང་འཛིན་སྒྲོག་འགྲེལ་པའི་གསོ་སྦྱོང་འཛིན་གྲྭ་ལྷོ་ཁར་སློབ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-14

    ཉེ་ཆར། ལྗོངས་ཡོངས་ཀྱི་གཞི་རིམ་རྐང་འཛིན་སྒྲོག་འགྲེལ་པའི་གསོ་སྦྱོང་འཛིན་གྲྭ་ལྷོ་ཁ་གྲོང་ཁྱེར་དུ་སློབ་འགོ་ཚུགས་ཤིང་། ལྗོངས་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་ཆུས)ཁག་གི་གཞི་རིམ་རྐང་འཛིན་སྒྲོག་འགྲེལ་པ་230ལྷག་ཙམ་མཉམ་དུ་འཛོམས་ནས་དུས་བབ་གསར་པར་སྨྱན་སྦྱོར་ཐོན་ཁུངས་དང་གསར་དར་ལག་རྩལ་སྤྱད་དེ་སྒྲོག་འགྲེལ་ནུས་པ་ཇི་ལྟར་ཆེ་རུ་དང་ཆུ་ཚད་ཇི་ལྟར་མཐོ་རུ་གཏོང་བའི་ཐད་མཉམ་དུ་དཔྱད་བསྡུར་བྱས་པ་རེད།

    གསོ་སྦྱོང་བྱེད་རིང་། ལྗོངས་ཡོངས་ཀྱི་ལས་རིགས་ཁག་གི་རང་སྐྱོང་ལྗོངས་ཀྱི“གཞི་རིམ་སྒྲོག་འགྲེལ་པ་ཡག་ཤོས་བཅུ”ལ་ཚུད་པའི་བདམས་ཐོན་པ་29ཡིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་བོད་སྐད་ཐོག་ནས་སྒྲོག་འགྲེལ་འགྲན་བསྡུར་བྱས་ཤིང་། ཁོ་ཚོས“དོན་དག་ཆུང་ངུར”བརྟེན་ནས“བརྗོད་དོན་ཆེན་པོ”ཞིབ་པར་བརྗོད་པ་དང་། “དམངས་ཁྲོད་ཀྱི་སྐད་ཆར”བརྟེན་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་འགྲེལ་བཤད་བརྒྱབ་པས། ལྗོངས་ཡོངས་ཀྱི་གཞི་རིམ་རྐང་འཛིན་སྒྲོག་འགྲེལ་པས་སྒྲོག་འགྲེལ་བྱེད་སྟངས་དང་བྱ་ཐབས་ལ་དཔྱད་བསྡུར་གཏིང་ཟབ་བྱས་པ་དང་འབྲེལ། མཐར་2024ལོའི་ལོ་འཁོར་གྱི་རང་སྐྱོང་ལྗོངས་ཀྱི“གཞི་རིམ་སྒྲོག་འགྲེལ་པ་ཡག་ཤོས་བཅུ”དཔྱད་འདེམས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།