དམངས་སྲིད་པུའུ་དང་རྒྱལ་ཡོངས་རྒན་རྒོན་གཞུང་དོན་ཁང་སོགས་སྡེ་ཚན་གྱིས་མཉམ་དུ་ཡིག་ཆ་བཀྲམ་པ།
རྒན་རྒོན་གྱི་གཞི་རྩའི་དཔེ་ཀློག་ཁེ་དབང་འགན་ལེན་བྱས་པ།
ཉེ་ཆར། དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་བཀོད་སྒྲིག་གལ་ཆེན་ལག་བསྟར་བྱས་ནས་རྒན་རྒོན་གྱི་གཞི་རྩའི་དཔེ་ཀློག་ཁེ་དབང་འགན་ལེན་བྱ་ཆེད། དམངས་སྲིད་པུའུ་དང་། རྒྱལ་ཡོངས་རྒན་རྒོན་གཞུང་དོན་ཁང་། ཀྲུང་གོ་རྒན་རྒོན་མཐུན་ཚོགས་སོགས་སྡེ་ཚན་14ཡིས་མཉམ་འབྲེལ་ཐོག《རྒན་རྒོན་གྱི་དཔེ་ཀློག་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་པ་རེད།
《བསམ་འཆར》ནང་བསྟན་དོན། རྒན་རྒོན་ཚོས་འདྲ་མཉམ་དང་སྟབས་བདེའི་ངང་དཔེ་ཆ་ཀློག་པའི་དབང་ཆ་འགན་ལེན་གང་ལེགས་བྱས་ཏེ་འཁོན་ཐོགས་མེད་པའི་དཔེ་ཀློག་ཁོར་ཡུག་སྔར་བས་སྐྲུན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒན་རྒོན་གྱི་དཔེ་ཀློག་ཞབས་ཞུ་དོ་སྙོམས་འཕེལ་རྒྱས་འགྲོ་རྒྱུར་སྤྱི་འདོམས་སྐུལ་འདེད་བཏང་ནས་གྲོང་གསེབ་དང་གྲོང་ཁྱེར་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་ཐོན་ཁུངས་བསྡུ་སྒྲིལ་དང་ཕན་ཚུན་སྦྲེལ་མཐུད་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། སྲིད་གཞུང་གིས་གཙོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཕྱོགས་མང་ཐེ་ཞུགས་མངོན་འགྱུར་ཡོང་བ་བྱས་ནས་རྒན་རྒོན་གྱི་རིག་གནས་འཛད་སྤྱོད་ཀྱི་དགོས་མཁོ་སྐྱེད་སྲིང་དང་ཁྲིད་སྟོན་ཧུར་ཐག་བྱེད་དགོས་པ་བཅས་རེད།