དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀོང་ཤིས་ཀུའེ་ལིན་གྱིས་མངོན་མིན་རིག་གནས་ཤུལ་བཞག་གི་རྩལ་ནུས་དང་ངལ་ནུས་སྤུས་རྟགས་ཀྱི་སྤེལ་རེས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-11-13

    ཟླ་11ཚེས་8དང་9ཉིན། མངོན་མིན་རིག་གནས་ཤུལ་བཞག་གི་རྩལ་ནུས་དང་ངལ་ནུས་སྤུས་རྟགས་ཀྱི་སྤེལ་རེས་བྱེད་སྒོ(གཤམ་དུ“བྱེད་སྒོ”ཞེས་བསྡུ་རྒྱུ)ཀོང་ཤིས་ཀུའེ་ལིན་དུ་སྤེལ་ཞིང་། བྱེད་སྒོའི་ཐོག་གཅིག་སྡུད་འགྲེམས་འཁྲབ་སྒྲིག་འཛུགས་བྱས་པ་བརྒྱུད། ཉེ་བའི་ལོ་ཤས་རིང་ཀོང་ཤིས་ཀྱི་ངལ་ནུས་སྤུས་རྟགས་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བ་དང་། རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཡོང་བར་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པ། ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ཀོང་ཤིས་མི་སྤྱི་སྡེ་ཚན་ལ་ཐོབ་པའི་དགེ་མཚན་ལྡན་པའི་འཕེལ་རྒྱས་རབ་དང་རིམ་པ་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད།

    བྱེད་སྒོ་སྤེལ་ཡུལ་དུ་གཅིག་སྡུད་འགྲེམས་སྟོན་ཁུལ་དང་། འགྲེམས་འཁྲབ་ཁུལ། ཞིམ་ཟས་ཁུལ། ངོ་འཕྲད་གྲོས་མོལ་ཁུལ་བཅས་བཀོད་སྒྲིག་བྱས་ནས་ཀོང་ཤིས་ཀྱི་ངལ་ནུས་སྤུས་རྟགས་ཀྱི་ཉམས་འགྱུར་གང་ལེགས་མངོན་པར་བྱས་ཡོད། ཞིང་ཆེན་མང་པོའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་དང་སྐབས་རིམ་བྱུང་གི་ཞིང་པ་ལས་མིའི་རྩལ་ནུས་འགྲན་བསྡུར་ཆེ་མོའི་བྱ་དགའ་ཐོབ་མཁན་སོགས་གདན་དྲངས་ནས་ས་གནས་ས་ཐོག་ཏུ་རྩེར་སོན་ལག་རྩལ་འགྲེམས་སྟོན་དང་། ལས་གཏོད་ཉམས་མྱོང་མཉམ་སྤྱོད་བྱས་ཏེ་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱས་ཡོད། བྱེད་སྒོ་སྤེལ་ཡུལ་དུ་ལྟད་མོ་བས་ཞིམ་ཟས་ཀྱི་བྲོ་བ་མྱོང་བ་དང་འཁྲབ་སྟོན་ལ་བལྟས་ནས་མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་དང་རྩལ་ནུས་ལག་རྩལ་གྱི་དམིགས་བསལ་ཡིད་དབང་འཕྲོག་ཤུགས་ཚོར་བར་བྱས་ཡོད།

    ཉེ་བའི་ལོ་ཤས་རིང་། ཀོང་ཤིས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་རྒྱུན་འཛིན་དང་ངལ་ནུས་སྤུས་རྟགས་ཀྱི་རྩལ་ནུས་གསོ་སྐྱོང་ལ་མཐོང་ཧ་ཅང་ཆེན་པོ་བྱས་ཤིང་། ཁྲིད་སྟོན་ལ་བརྟེན་ནས་ཁག་གཅིག་སྔོག་འདོན་དང་། ལས་གཏོད་ལ་བརྟེན་ནས་ཁག་གཅིག་སྐུལ་ཁྲིད། རྩལ་ནུས་ལ་བརྟེན་ནས་ཁག་གཅིག་གསར་སྤེལ་བཅས་བྱས་པ་བརྒྱུད་མངོན་མིན་རིག་གནས་ཤུལ་བཞག་གི་རྩལ་ནུས་དང་ངལ་ནུས་སྤུས་རྟགས་ཀྱི་རིམ་པ་མགྱོགས་མྱུར་སྤོར་བར་སྐུལ་མ་ཐེབས་ཡོད། མིག་སྔའི་བར། རིམ་རྩིས་བྱས་ན་མི་ཐེངས་ཁྲི་50.88ངལ་ནུས་སྤུས་རྟགས་ཀྱི་འབྲེལ་ཡོད་གསོ་སྦྱོང་ལ་ཞུགས་ནས་མི་ཐེངས་ཁྲི་58.68ལས་ཞུགས་ལས་གཏོད་ཐུབ་པར་སྐུལ་ཁྲིད་བྱས་པས། ས་གནས་དེ་གའི་མང་ཚོགས་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད་ཐེབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།