དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་གློག་བརྙན《ཁྲང་ཨན། ཁྲང་ཨན》ཞེས་པར་མེན་སི་ཁེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་བྱ་དགའ་མཐོ་ཤོས་ཐོབ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-11-13

    ཤིན་ཧྭ་གསར་འགྱུར་ཁང་མེན་སི་ཁེ་ནས་ཟླ་11ཚེས་11ཉིན་གློག་འཕྲིན་འབྱོར་གསལ། དུས་ཡུན་ཉིན་8ཀྱི་མེན་སི་ཁེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་30པ་ཉེ་ཆར་བྷེ་ཨུ་རུ་སུའི་རྒྱལ་ས་མེན་སི་ཁེར་མཇུག་འགྲིལ་ཞིང་། ཀྲུང་གོའི་འཁྲབ་ཁྲིད་པ་ཀྲང་ཀྲུང་གིས་འཁྲབ་ཁྲིད་བྱས་པའི་གློག་བརྙན《ཁྲང་ཨན། ཁྲང་ཨན》ཞེས་པར་གློག་བརྙན་དུས་ཆེན་གྱི་འགྲན་བསྡུར་ཚན་པ་གཙོ་བོའི་བྱ་དགའ་མཐོ་ཤོས་ཏེ“ལོ་སྐྱུར་དུས་ཚིགས”ཀྱི་གཏམ་རྒྱུད་གློག་བརྙན་རྩེ་གྲའི་གསེར་གྱི་བྱ་དགའ་ཐོབ་པ་རེད།

    ཚེས་8ཉིན། 《ཁྲང་ཨན། ཁྲང་ཨན》ཞེས་པའི་གློག་བརྙན་བཟོ་མཁན་ཧྲི་ཅ་ཡིས་བྱ་དགའ་ལེན་སྐབས། གཅེས་སེམས་ནི་གློག་བརྙན་པའི་འགྱུར་མེད་ཀྱི་བརྗོད་དོན་གཙོ་བོ་རེད། གློག་བརྙན་དེའི་ནང་གཅེས་སེམས་ཆེད་འཐབ་རྩོད་བྱས་པའི་གཏམ་རྒྱུད་བཀོད་ནས་གཅེས་སེམས་ལ་གཅེས་སྤྲས་བྱེད་ལུགས་བརྒྱུད་སྤྲོད་བྱས་ཡོད་ཅེས་བརྗོད།

    གློག་བརྙན《ཁྲང་ཨན། ཁྲང་ཨན》ཞེས་པའི་ནང་ཁྲང་ཨན་རྟགས་ཅན་གྱི་རྒྱལ་སྤྱིའི་ཡུལ་སྐོར་ཆེད་གཏོང་མེ་འཁོར་རྒྱབ་ལྗོངས་སུ་བྱས་ནས། ཧ་སག་སི་ཐན་གྱི་སློབ་མ་ཨ་ཡ་ནའི་མཐོང་ཚོར་བརྒྱུད་རྒྱལ་མཚམས་སྒྲོལ་བའི་བརྩེ་དུང་དང་ཕུགས་འདུན་སྐོར་གྱི་གཏམ་རྒྱུད་དུམ་བུ་ཞིག་བརྗོད་ཡོད། གློག་བརྙན་དེའི་ནང་སྲོལ་རྒྱུན་དང་དེང་རབས་དང་། ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་གཞི་རྒྱུ་མཉམ་འདྲེས་བྱས་ནས་གནའ་བོའི་ལོ་རྒྱུས་དང་དེང་རབས་ཀྱི་ལོ་རྒྱུས་བརྗོད་པའི་བར་མཐོངས་ཤིག་བཏོད་ཡོད།

    མེན་སི་ཁེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ནི་པོ་ལུའོ་ཏི་རྒྱ་མཚོ་དང་། ཨེ་ཤེ་ཡ་དབུས་མ། དེ་བཞིན་ཡོ་རོབ་དབུས་ཤར་ས་ཁུལ་བཅས་ཀྱི་འགྲན་བསྡུར་རང་བཞིན་གྱི་གློག་བརྙན་དུས་ཆེན་གལ་ཆེན་གྱི་གྲས་ཤིག་ཡིན་པ་དང་གློག་བརྙན་དུས་ཆེན་སྐབས་དང་པོ་ནི་1994ལོར་གཉེར་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།