དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ཀྱིས།

    “ཆུ་ཚོད་ཕྱེད་ཀའི་དུས་ཐུང་སློབ་ཚན”ཡག་པོ་འཚོགས་ནས་ལག་བསྟར་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-11-13

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ལས་བྱེད་ཉེན་རྟོག་པའི་གྱོད་གཞི་སྒྲུབ་གཉེར་གྱི་ལས་སྒོའི་འཇོན་ཐང་དང་ཕྱོགས་བསྡུས་བྱང་ཚད་སྔར་བས་མཐོ་རུ་བཏང་ནས་རང་ཉིད་ཀྱི་ཤེས་བྱ་དང་རྩལ་ནུས་རྒྱུན་ཆད་མེད་པར་གསར་བརྗེས་བྱ་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ཀྱིས“ཆུ་ཚོད་ཕྱེད་ཀའི་དུས་ཐུང་སློབ་ཚན”གྱི་བྱེད་སྒོ་སྤེལ་ནས་ལས་བྱེད་ཉེན་རྟོག་པས་གྱོད་གཞིའི་རིགས་སྣ་མང་ཅན་གྱི་ལག་བསྟར་ཁོར་ཡུག་དང་དེ་བས་འཚམ་ཐུབ་པར་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན།“ཆུ་ཚོད་ཕྱེད་ཀའི་དུས་ཐུང་སློབ་ཚན”གཉེར་བའི་དམིགས་ཡུལ་ནི་ལག་བསྟར་གྱོད་གཞི་ཚད་ལྡན་ངང་སྒྲུབ་གཉེར་བྱ་རྒྱུར་སྐུལ་འདེད་བཏང་ནས་ལག་བསྟར་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་དེ་རེད། གཟའ་འཁོར་རེའི་གཟའ་ཟླ་བ་དང་། གཟའ་ལྷག་པ། གཟའ་ཕུར་བུ་བཅས་ལ་ལས་བྱེད་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་མིག་སྔའི་ལག་བསྟར་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་གྱིས་ལག་བསྟར་ལས་དོན་ཁྲོད་ཀྱི་དཀའ་གནད་དང་འགག་གནད་ལ་དམིགས་པ་དང་། ཞིབ་ཕྲའི་གྱོད་དཔེ་དང་ཟུང་འབྲེལ་བྱས་ནས་སྤེལ་རེས་དང་བགྲོ་གླེང་བྱས་ཏེ་ཚང་མས་ཐད་ཀར་ལས་སྒོའི་ཤེས་བྱ་ཤེས་རྟོགས་དང་ཁོང་དུ་ཆུད་ཐུབ་པར་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།