དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཁ་གཏད་བོད་སྐྱོར་བྱས་ནས་ལོ་སུམ་ཅུ་འཁོར་བའི་ཕྱག་རྟགས《སྨི་0ནས་5000བར》ཞེས་པའི་དེབ་གསར་འགྲེམས་སྤེལ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-11-13

    ཉེ་ཆར། “བོད་སྐྱོར་གྱི་སྙིང་སྟོབས་དར་སྤེལ་གཏོང་། མཛེས་པའི་བོད་ལྗོངས་དྲིལ་བསྒྲགས་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི《སྨི་0ནས་5000བར》ཞེས་པའི་དེབ་གསར་འགྲེམས་སྤེལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། དེབ་དེ་ནི་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཁོངས་མི་དང་ཀྲེ་ཅང་ཞིང་ཆེན་གྱི་ཁག་བདུན་པའི་བོད་སྐྱོར་ལས་བྱེད་པ་ཡུས་ཧྥེང་གིས་གསར་རྩོམ་བྱས་པ་ཞིག་ཡིན་པ་དང་། ཀྲེ་ཅང་མི་དམངས་དཔེ་སྐྲུན་ཁང་དང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་མཉམ་དུ་དཔེ་སྐྲུན་བྱས་པ་ཞིག་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 《སྨི་0ནས་5000བར》ཞེས་པའི་དེབ་ནང་གྲངས་གཞིའི་ཧེ་བག་དང་དཔྱད་བསྡུར་ལས་ཀྲེ་ཅང་གི་བོད་སྐྱོར་ལས་བྱེད་པས་ས་བབ“0”ལས་མེད་པའི་རྒྱ་མཚོ་ཤར་མའི་འགྲམ་ནས་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་ཞུས་ཏེ། ས་བབ་སྨི་5000ཟིན་པའི་གངས་ལྗོངས་ས་མཐོའི་བོད་ལྗོངས་ནག་ཆུར་དཀའ་སྤྱད་འབད་འབུངས་ཀྱིས་བོད་སྐྱོར་བྱས་པའི་ལོ་རྒྱུས་མཚོན་པར་བྱས་ཡོད། རྩོམ་པ་པོས་2013ལོར་བོད་སྐྱོར་བྱས་ཚུན་གྱི་ལོ་བཅུའི་རིང་བརྩམས་པའི་སྙན་ངག་110ལྷག་ཙམ་བསྡུས་ནས་ཏང་ཀྲུང་དབྱང་གིས་ཁ་གཏད་བོད་སྐྱོར་ལས་དོན་སྤེལ་ནས་ལོ་30ཡི་རིང་བོད་ལ་བྱུང་བའི་འགྱུར་ལྡོག་ཆེན་པོར་བསྟོད་གླུ་ཕུལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།