ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་ཚོང་ཟོག་འགྲེམས་ཚོང་སྐབས་དང་པོ་གཉེར་བ།
ཉིན་དང་པོར་བྲིན་ཚོང་བྱེད་ཚད་སྒོར་ཁྲི་8000ལས་བརྒལ་བ།
ཉེ་དུས་དུས་ཡུན་ཉིན་ལྔའི་ཁྲེང་ཀོན་ཆུས་ཀྱི་ཚོང་ཟོག་འགྲེམས་ཚོང་སྐབས་དང་པོ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། བསྡོམས་རྩིས་བརྒྱབ་པར་གཞིགས་ན། འགྲེམས་ཚོང་གི་ཉིན་དང་པོར་བྲིན་ཚོང་བྱེད་ཚད་སྒོར་ཁྲི་8600ལས་བརྒལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲེམས་ཚོང་ལ་ཁྲེང་ཀོན་ཆུས་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་ཐོབ་པ་དང་། སྲིད་གཞུང་གིས་སྲིད་ཇུས་ཀྱི་ཁྲིད་སྟོན་དང་མ་དངུལ་གྱི་རྒྱབ་སྐྱོར་བརྒྱུད་ས་ཁོངས་ཀྱི་འཛད་སྤྱོད་ཁྲོམ་ར་དར་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། ལྷག་པར་དུ་གླེང་རིན་ཡོད་པ་ཞིག་ནི་ད་ཐེངས་ཀྱི་བྱེད་སྒོའི་ནང་དྲ་ཕྱིར་ཕུན་སུམ་ཚོགས་པའི་འགྲེམས་གནས་དང་ཕན་སྒུལ་གྱི་བརྒྱུད་རིམ་བཀོད་སྒྲིག་བྱས་པ་མ་ཟད། “ཐད་གཏོང་བོད་ལྗོངས”ཀྱི་ཁྱུག་དབྱིངས་ཨང་རྟགས་བརྒྱུད་ས་གནས་ས་ཐོག་ནས་ཐད་གཏོང་བྱས་པས་དྲ་ཐོག་ཏུ་ལྟད་མོ་བ་ཁྲི་15ལས་བརྒལ་བ་མ་ཟད། དྲ་ཐོག་གི་འཛད་སྤྱོད་པའི་དོ་ཁུར་དང་དེའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་སྟེ་དྲ་ཐོག་དང་དྲ་ཕྱི་མཉམ་འདྲེས་མངོན་འགྱུར་བྱུང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲེམས་ཞུགས་ནང་ནེ་པ་ལའི་ཚོང་པ་40ལྷག་ཙམ་ཡོད་པ་དང་ནེ་པ་ལའི་དངུལ་ཆས་དང་། གྱོན་གོས། དྲི་ཞིམ་རྫས། སྣམ་ཆས། ཉེར་མཁོའི་དངོས་རྫས་སོགས་ཁྱད་ལྡན་ཐོན་རྫས་རིགས་100ལྷག་ཙམ་ཚུད་ཡོད་པ་དེ་དག་ལ་མང་ཚོགས་ཀྱིས་དགའ་པོ་བྱེད་པ་དང་བྱེད་སྒོ་དེ་ཚེས་12ཉིན་བར་རྒྱུན་མཐུད་སྤེལ་བ་རེད།