དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 2024ལོའི་རྒྱལ་ཡོངས་བུད་མེད་ཀྱི་ཁྱིམ་ལས་ཞབས་ཞུའི་ལས་རིགས་རྩལ་ནུས་ཀྱི་འགྲན་བསྡུར་ཆེན་པོ་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-12

    ཉེ་ཆར། རྒྱལ་ཡོངས་ཀྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཏེ། 2024ལོའི་རྒྱལ་ཡོངས་བུད་མེད་ཀྱི་ཁྱིམ་ལས་ཞབས་ཞུའི་ལས་རིགས་རྩལ་ནུས་ཀྱི་འགྲན་བསྡུར་ཆེན་པོ་དེ་ཨན་ཧུའེ་ཧོ་ཧྥེ་རུ་གཉེར་བ་དང་། རང་ལྗོངས་ཀྱི་བདམས་ཐོན་པར་2024ལོའི་རྒྱལ་ཡོངས་བུད་མེད་ཀྱི་ཁྱིམ་ལས་ཞབས་ཞུའི་ལས་རིགས་རྩལ་ནུས་ཀྱི་འགྲན་བསྡུར་མ་བུའི་ལྟ་སྐྱོང་བའི་ཕུལ་བྱུང་བྱ་དགའ་ཐོབ་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་དེ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་། མི་སྤྱི་པུའུ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། ཚོང་དོན་པུའུ། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་ཤིང་། འགྲན་བསྡུར་ནང་རྒན་གསོའི་ལྟ་སྐྱོང་བ་དང་། མ་བུའི་ལྟ་སྐྱོང་བ། ཁྱིམ་ལས་ཞབས་ཞུ་བ། བསྡུ་གསོག་རྒྱག་མཁན་བཅས་འགྲན་བསྡུར་རྣམ་གྲངས་4དང་ཁྱིམ་ལས་གསོ་སྦྱོང་མི་སྣ་དང་ཁྱིམ་ལས་སྤྱི་གཉེར་བའི་ལས་རིགས་ཀྱི་ཉམས་འགྱུར་མངོན་པར་བྱེད་པའི་རྣམ་གྲངས་2བཙུགས་ཡོད་པ་དང་བདམས་ཐོན་པ་200ཙམ་རྒྱལ་ཡོངས་ཀྱི་མཐའ་བསྡུར་ནང་ཞུགས་ཡོད་པ་རེད།

    ད་ཐེངས་ཀྱི་འགྲན་བསྡུར་ཆེན་པོ་ནི་རྒྱལ་ཡོངས་བུད་མེད་ཀྱི་ཁྱིམ་ལས་ཞབས་ཞུའི་ལས་རིགས་རྩལ་ནུས་ཀྱི་རིམ་པ་དང་པོའི་འགྲན་བསྡུར་ཞིག་ཡིན་ཞིང་། རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཚད་མཐོའི་མཐོང་ཆེན་དང་སྒྲིག་འཛུགས་ནན་ཏན་བྱས་ཏེ་མི་6འགྲན་བསྡུར་ལ་བཏང་བ་དང་ཁོང་ཚོས་འགྲན་བསྡུར་ཁག་6ཚང་མའི་ནང་ཞུགས་ཡོད། འགྲན་བསྡུར་འཁྲུག་པོ་བྱས་པ་བརྒྱུད། རང་སྐྱོང་ལྗོངས་ཀྱི་བུད་མེད་ཁྱིམ་ལས་མནའ་འབྲེལ་འབྲེལ་གཏུག་མཉམ་ལས་པུའུ་སྟེ། ལྷ་ས་གྲོང་ཁྱེར་ཉིའུ་པེ་པིའི་ཁྱིམ་ལས་ཞབས་ཞུ་ཚད་ཡོད་ཀུང་སིས་འདེམས་གཏོང་བྱས་པའི་ཀྲའོ་ཁྲུན་ཕིང་ལ་2024ལོའི་རྒྱལ་ཡོངས་བུད་མེད་ཀྱི་ཁྱིམ་ལས་ཞབས་ཞུའི་ལས་རིགས་རྩལ་ནུས་ཀྱི་འགྲན་བསྡུར་ཆེ་མོའི་མ་བུའི་ལྟ་སྐྱོང་བའི་ཕུལ་བྱུང་བྱ་དགའ་ཐོབ་པ་རེད།

    ཀྲའོ་ཁྲུན་ཕིང་གིས། འགྲན་བསྡུར་བྱས་རྗེས་རང་ཉིད་ཀྱི་ལས་རིགས་ཕུགས་བསམ་སྔར་བས་བརྟན་དུ་ཕྱིན་ནས་སླད་ཕྱིན་ལས་རིགས་འཕེལ་རྒྱས་ཀྱི་འཆར་འགོད་ལ་ངོས་འཛིན་དང་བློ་འབྱེད་གསར་པ་སྔར་ལས་ལྷག་པ་བྱུང་ཞེས་གསར་འགོད་པར་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།