དབུ་ཤོག>གསར་འགྱུར།
  • མལ་གྲོ་གུང་དཀར་རྫོང་གིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་བྱང་ཚད་མཐོ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-11-11

    ཉེ་ཆར་མལ་གྲོ་གུང་དཀར་རྫོང་གི་གཞི་རིམ་ལས་བྱེད་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་བྱང་ཚད་མཐོར་གཏོང་དང་དུས་ཐེངས་བཞི་པའི་རྒྱ་བོད་སྐད་ཡིག་གཉིས་ཀྱི་ཡིག་སྒྱུར་གསོ་སྦྱོང་འཛིན་གྲྭའི་སློབ་འགོ་ཚུགས་པའི་མཛད་སྒོ་དེ་རྫོང་ཨུད་ཏང་གི་སློབ་གྲྭར་འཚོགས་པ་རེད།   ཤང(གྲོང་རྡལ)སོ་སོ་དང་དགོན་པའི་དོ་དམ་ཨུ་ལྷན།  རྫོང(ཀྲུང་དབྱང)ཐད་གཏོགས་ཀྱི་འབྲེལ་ཡོད་ལས་ཁུངས།  རྫོང་ཁོངས་གཏོགས་ཀྱི་རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱི་ཡིག་སྒྱུར་མི་སྣ་བཅས་ཐེངས་འདིའི་གསོ་སྦྱོང་ནང་ཞུགས་ཡོད།

    རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་བྱང་ཚད་དང་རྒྱ་བོད་སྐད་གཉིས་ཀྱི་ཡིག་སྒྱུར་ནུས་པ་མཐོ་རུ་གཏོང་རྒྱུ་དེས་གཞི་རིམ་ལས་དོན་ལ་དོན་སྙིང་གལ་ཆེན་ལྡན་ཡོད།   ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭ་གཉེར་བ་དེས་མལ་གྲོ་གུང་དཀར་རྫོང་གི་གཞི་རིམ་ལས་བྱེད་པའི་སྐད་ཡིག་བྱང་ཚད་དང་ཡིག་སྒྱུར་ནུས་པ་ཆེ་རུ་འགྲོ་རྒྱུར་ཕན་པ་ཡོད་པ་མ་ཟད།  ས་གནས་དེ་གའི་སྤེལ་རེས་དང་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ཐུབ་ཡོད་པ་རེད།  

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།