དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱིས་ལས་སྒོའི་ཐབས་ལམ་ལེགས་སུ་བཏང་ནས་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-11-11

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། གསར་འགོད་པས་བོད་ལྗོངས་གློག་དྲའི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རོགས་བྱེད་པའི་བྱེད་ཐབས་དང་དེ་བཞིན་ཕན་འབྲས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས“གློག་མཁོ་འདོན་ཐུབ་པའི”ལས་སྒོའི་ལྷུ་ཚིགས་དང་། དུས་ཚོད། མ་གནས། གློག་བརྟན་པོ་མཁོ་འདོན་སོགས་ཀྱི་ལྟེ་བའི་དམིགས་ཚད་ལ་དམིགས་ནས། “ཉུང་འཕྲི་གསུམ་དང་། ཤུགས་སྣོན་གཉིས། མཐོར་གཏོང་གཅིག”བཅས་ཕྱོགས་དྲུག་གི་ལས་དོན་ཏན་ཏིག་སྤེལ་བ་དང་། གློག་ཤུགས་ལས་སྒོ་གཉེར་བའི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་ས་གནས་ས་ཐོག་གི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་སོགས་ཀྱི་ཐད་བྱ་ཐབས་མང་པོ་བཏོན་པ་དང་འབྲེལ་ཕན་འབྲས་ཀྱང་བཟང་པོ་ཐོན་ཡོད་པ་རེད། 2024ལོའི་ཟླ་9པའི་ཟླ་མཇུག་བར། བོད་དུ་གྲོང་མི་དུད་ཚང་6279ཡིས“ངོ་བཤེར་ལས་གཉེར”ལག་ལེན་བསྟར་བ་བརྒྱུད། གློག་སྤྱོད་ཀྱི་གནད་དོན་མགྱོགས་མྱུར་ཐག་གཅོད་ཐུབ་པ་དང་ཁེ་ལས་534ཡིས་ལག་ཁྱེར་གཅིག་ཁོ་ནས་གློག་གཏོང་ལས་སྒོ་གཉེར་བའི་དུས་ཚོད་མང་པོ་གྲོན་ཆུང་ཐུབ་ཡོད། དེ་དང་ཆབས་ཅིག་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་གློག་སྒྱུར་གློག་གཏོང་སྲིད་ཇུས་དྲིལ་བསྒྲགས་དང་གསལ་བཤད་ཧུར་ཐག་བྱས་པ་དང་། “གློག་སྒྱུར་གློག་རིན་ཨང་རྟགས”ཁྱབ་གདལ་བེད་སྤྱོད་ཤུགས་ཆེན་བཏང་བ། མ་དངུལ་སྒོར་དུང་ཕྱུར་4.51རང་གྲབས་བཅས་བྱས་ཏེ། རིམ་རྩིས་བརྒྱབ་ན་ལྗོངས་ཡོངས་ཀྱི་དུད་ཚང་ཁྲི་13.38ཀྱི་གློག་སྒྱུར་གློག་གཏོང་སྒྱུར་བཀོད་ཀྱི་ལས་འགན་ལེགས་སྒྲུབ་བྱས་པས་མི་ཁྲི་40ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།