དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “སྒོ་རྩར”ལས་ཞུགས་ཞབས་ཞུ་ཧུར་ཐག་བསྒྲུབས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-11-10

    ཉེ་བའི་ལོ་ཤས་རིང་། ཨན་ཧུའེ་ཞིང་ཆེན་ཐུང་ལིང་གྲོང་ཁྱེར་གྱིས་སྤྱི་པའི་ལས་ཞུགས་ཞབས་ཞུ་གཞི་རིམ་དུ་སྤེལ་རྒྱུར་སྐུལ་འདེད་དང་ལས་ཀ་འཚོལ་མཁན་མང་ཚོགས་ལ་ཞབས་འདེགས་ཞུས་ཏེ“སྒོ་རྩ”ནས་ལས་ཞུགས་ཐུབ་རྒྱུ་ཁྲིད་སྟོན་དུ་བྱས་ཏེ། “སྒོ་རྩར”ལས་ཞུགས་ས་ཚིགས་52བཙུགས་པ་དེ་གྲོང་ཁྱེར་ཡོངས་ཀྱི་སྡེ་ཁུལ་85ལ་ཁྱབ་པ་དང་། “སྤྱི་ལེ་གསུམ”གྱི་ལས་ཞུགས་ཞབས་ཞུའི་འགན་ལེན་མ་ལག་བཏོད་པ། ཁེ་ལས་དང་ལས་ཀ་འཚོལ་མཁན་དབར་གྱི་མཁོ་སྤྲོད་འབྲེལ་མཐུད་ཐབས་ལམ་བཏོད་པ། སྡེ་ཁུལ་གྱི་གྲོང་མི་རང་ས་རང་ཡུལ་དུ་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་བཏང་བ་བཅས་ལས“ཐུང་ལིང་དུ་ལས་ཞུགས་ཐུབ་བདེ་བའི”སྤྱི་པའི་ལས་ཞུགས་ཞབས་ཞུའི་སྤུས་རྟགས་ཧུར་ཐག་བཏོད་ཡོད་ཅིང་། འདི་ནི་ཟླ་11ཚེས་8ཉིན་ལས་ཀ་འཚོལ་མཁན་གྱིས་ཐུང་ལིང་གྲོང་ཁྱེར་ཐུང་ཀོན་ཆུས་བདེ་སྐྱིད་སྡེ་ཁུལ་གྱི་ལས་བསྡུའི་འདུ་ཚོགས་ཐོག་ལས་ཞུགས་གནས་ཚུལ་ཤེས་རྟོགས་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།