དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཚན་ཞིབ་མི་སྣས་བོད་ནས་མཐོང་དཀོན་པའི་ནགས་བྱི་རིགས་གཉིས་གསར་དུ་རྙེད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-11-10

    ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། རང་རྒྱལ་གྱི་ཚན་ཞིབ་མི་སྣས་བོད་རང་སྐྱོང་ལྗོངས་ཀྱི་རི་ཐང་དུ་རྟོག་ཞིབ་བྱེད་སྐབས་མཐོང་དཀོན་པའི་ནགས་བྱི་རིགས་གཉིས་ལྟ་ཞིབ་ཚད་ལེན་ཐུབ་པ་དང་། རིགས་པས་ཁུངས་སྐྱེལ་བྱས་པ་བརྒྱུད། རང་རྒྱལ་གྱི་གཅན་གཟན་རིགས་ཀྱི་ཐོ་འགོད་རིགས་གསར་པ་འབྲུག་ཡུལ་གྱི་ནགས་བྱི་ཆེན་པོ་དང་བོད་རང་སྐྱོང་ལྗོངས་ཀྱི་གཅན་གཟན་རིགས་ཀྱི་ཐོ་འགོད་རིགས་གསར་པ་ལི་ཧྲི་ནགས་བྱི་གཉིས་ལ་ཕྱེ་ཡོད། འབྲེལ་ཡོད་ཞིབ་འཇུག་གྲུབ་འབྲས་ཉིན་ཤས་གོང་རིག་གཞུང་དུས་དེབ《གཅན་གཟན་རིག་གཞུང་དུས་དེབ》ཐོག་བཀོད་ཡོད་པ་རེད།

    རིགས་གཅིག་མཁས་ཅན་གྱིས་འབྲུག་ཡུལ་གྱི་ནགས་བྱི་ཆེན་པོ་དང་ལི་ཧྲི་ནགས་བྱི་ཁྱབ་ཁུལ་ལ་ཤེས་རྟོགས་བྱེད་རྒྱ་ཆེ་རུ་ཕྱིན་པ་དེ་ཐོག་ནས་ཧི་མ་ལ་ཡའི་ས་ཁུལ་དུ་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་མཚོན་གྱི་ཡོད་པས། ཧི་མ་ལ་ཡ་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན་གྱི་ཞིབ་འཇུག་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། རིགས་གསར་པ་དང་ཐོ་འགོད་གསར་པ་དེ་བས་མང་བ་ཤེས་རྟོགས་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།