དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • སི་ཁྲོན་ནུབ་རྒྱུད་ས་མཐོའི་ཐོག་གི་མཛེས་སྡུག་ལྡན་པའི་གྲོང་སྟོད་གྲོང་ཚོ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-11-09

    འདི་ནི་གྲོང་སྟོད་གྲོང་ཚོ་ཡིན་པ།

    འདི་ནི་གྲོང་སྟོད་གྲོང་ཚོར་གཉེན་སྟོན་ལ་ཡོང་བའི་ཡུལ་མི་ཡིན་པ།

    སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ལྷོ་ནུབ་རྒྱུད་ཀྱི་ས་བབ་མཐོ་ཚད་སྨི་2700ཙམ་ཟིན་པའི་ལུང་གཞུང་དུ་ཁྱད་ལྡན་བོད་ཁང་དཀར་པོ་མུ་ཏིག་སྟར་ལ་བརྒྱུས་པ་བཞིན་ཆགས་ཤིང་། ཡུལ་ལུང་དེ་ནི་ཕྱག་ཕྲེང་རྫོང་ཕྲེང་སྟོད་གྲོང་རྡལ་གྱི་གྲོང་སྟོད་གྲོང་ཚོ་རེད། དེ་གའི་བོད་ཁང་དཀར་པོར་ཁམས་ཡུལ་གྱི་བཀོད་ཉམས་ལྡན་པ་དང་བབ་ཆགས་ལ་ཡིད་དུ་འོང་ཞིང་། སྒེའུ་ཁུང་གི་ཇུས་འགོད་དང་ཚོན་ཁྲས་རྒྱན་པའི་ཉ་རྒྱབ་ལྟ་སྣང་དོད། 2013ལོར་གྲོང་ཚོ་དེ་ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོའི་མིང་གཞུང་ཁག་གཉིས་པའི་ནང་བདམས་ཡོད།

    ཉེ་བའི་ལོ་ཤས་རིང་། གྲོང་སྟོད་གྲོང་ཚོས་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོང་དང་གསར་སྤེལ་བེད་སྤྱོད་ཀྱི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཞིང་ལས་དང་། རིག་གནས། ཡུལ་སྐོར་བཅས་མཉམ་འདྲེས་ཀྱི་བྱེད་སྟངས་གསར་པ་རྒྱུན་མཐུད་འཚོལ་ཞིབ་བྱས་ཏེ། གྲོང་ཚོ་སྔར་བས་མཛེས་པ་དང་། ཐོན་ལས་སྔར་བས་དར་བ། ཡུལ་མི་སྔར་བས་ཕྱུག་པ་བཅས་ཡོང་བར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།