དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བོད་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གི་དཔལ་འབྱོར་སྤྱི་འབོར་སྒོར་དུང་ཕྱུར་20ཟིན་ནས་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-11-09

    ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ”ཞེས་པའི་བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་རབ་དང་རིམ་པ་ནས་ཤེས་རྟོགས་བྱས་པར། 2023ལོར་བོད་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གི་དཔལ་འབྱོར་སྤྱི་འབོར་སྒོར་དུང་ཕྱུར་20ལས་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་ནས་སྒོར་དུང་ཕྱུར་24.21ཟིན་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། ལྷུན་གྲུབ་རྫོང་གིས་དཔལ་འབྱོར་འཕེལ་རྒྱས་ལ་གཞོལ་ནས་གོམ་སྟབས་མགྱོགས་སུ་བཏང་སྟེ་ནུས་ཤུགས་ཡོད་རྒུས་འཆར་གཞི་འདིང་བ་དང་། གྲུབ་ཆ་ལེགས་སྒྲིག གཞན་སྒྱུར་ལ་སྣང་ཆེན་བཅས་བྱེད་པ་དང་། ཐོན་ལས་དང་པོ་ལེགས་སུ་གཏོང་བ་དང་། ཐོན་ལས་གཉིས་པ་སྟོབས་ཆེར་གཏོང་བ། ཐོན་ལས་གསུམ་པ་གོང་མཐོར་གཏོང་བ་བཅས་བྱས་ནས་ཐོན་ལས་ཆེན་པོ་གསུམ་གཅིག་ལ་གཅིག་འགྲན་གྱིས་འཕེལ་རྒྱས་བཏང་བ། ཐོན་ལས་ཀྱི་གྲུབ་ཆ་18.1:40.7:41.2བར་ལེཌ་སྒྲིག་བྱས་པས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་ཕྱིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2012ལོར་ལྷུན་གྲུབ་རྫོང་གི་དཔལ་འབྱོར་སྤྱི་འབོར་སྒོར་དུང་ཕྱུར་10ལས་བརྒལ་བ་དང་། 2023ལོར་ལྷུན་གྲུབ་རྫོང་གི་དཔལ་འབྱོར་སྤྱི་འབོར་སྒོར་དུང་ཕྱུར་20ལས་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་ནས་སྒོར་དུང་ཕྱུར་24.21ཟིན་པ་དེ་1978ལོའི་སྒོར་ཁྲི་833.02དང་བསྡུར་ན་ལྡབ་290ལྷག་ཙམ་འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།