དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ཉིང་ཁྲིའི་མ་རྨོས་ལོ་ཏོག་གི་ཐོན་མཐོའི་དཔེ་སྟོན་ཞིང་ཁས་རྒྱལ་ཡོངས་ཀྱི་མ་རྨོས་ལོ་ཏོག་གི་ཐོན་འབབ་རྐྱང་པའི་ཟིན་ཐོ་གསར་པ་བཏོད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-11-09

    ཉེ་ཆར། ཞིང་ལས་གྲོང་གསེབ་པུའི་མ་རྨོས་ལོ་ཏོག་རིགས་གཅིག་མཁས་ཅན་ཚོགས་ཆུང་དང་རྒྱལ་ཁབ་མ་རྨོས་ལོ་ཏོག་ཐོན་ལས་ལག་རྩལ་མ་ལག་སོགས་ཞིང་ལས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་གྱིས་མཉམ་འབྲེལ་རིགས་གཅིག་མཁས་ཅན་གྱི་ཚོགས་ཆུང་བཙུགས་ནས་ས་གནས་ས་ཐོག་ཏུ་ཐོན་འབབ་ལ་ཚོད་རྩིས་བྱས་རྗེས། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་རི་ཤང་གཡུ་རུང་འཛིན་གྲོང་ཚོའི་མ་རྨོས་ལོ་ཏོག་གི་ཐོན་འབབ་མཐོ་ཤོས་ཀྱི་འདེབས་གསོའི་ཞིབ་འཇུག་སློབ་མའི་ལག་ལེན་རྟེན་གཞི་ཡིན་པའི་མ་རྨོས་ལོ་ཏོག་གི་ཐོན་མཐོའི་དཔེ་སྟོན་ཞིང་ཁའི་མུའུ་རེའི་ཐོན་འབབ་མཐོ་ཤོས་སྤྱི་རྒྱ་1672.86(ཆུ་འདུས་ཚད་14%ཡི་ཚད་གཞི་ལྟར་རྩིས་བརྒྱབ་ན)ཟིན་པ་དེས་རྒྱལ་ཡོངས་ཀྱི་མ་རྨོས་ལོ་ཏོག་གི་ཐོན་འབབ་རྐྱང་པའི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།

    མ་རྨོས་ལོ་ཏོག་གི་ཐོན་མཐོའི་དཔེ་སྟོན་ཞིང་ཁ་དེ་ནི་བོད་ལྗོངས་ཞིང་འབྲོག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་གཞོན་པ་ཧུའུ་ཏན་དང་སྟབས་བསྟུན་ནང་འདྲེན་གྱི་ཤེས་ལྡན་པའི་ཞིབ་འཇུག་པ་ཧོའུ་ཕུང་གིས་མཉམ་ལས་བྱས་ནས་བསྐྲུན་པ་ཞིག་ཡིན་ཞིང་། དེས་ཉིང་ཁྲི་གྲོང་ཁྱེར་གྱི་འབྲུ་རིགས་ཀྱི་ཐོན་ལེགས་འདེབས་གསོའི་བྱེད་ཐབས་ལ་ཕན་འབྲས་ལྡན་པའི་འཚོལ་ཞིབ་བྱས་པས་མ་རྨོས་ལོ་ཏོག་གི་ཐོན་སྐྱེད་མ་གནས་དམའ་རུ་དང་ཐོན་འབབ་མཐོ་རུ་དང་སྤུས་འབྲས་ལེགས་གཉེར་གྱི་ལག་རྩལ་གསར་པའི་ཐོན་མཐོའི་རྣམ་པ་ཆགས་ཡོད།

    ཉིང་ཁྲིའི་མ་རྨོས་ལོ་ཏོག་གི་ཐོན་འབབ་མཐོ་ཤོས་ཀྱི་འདེབས་གསོ་གསར་གཏོད་ཚོགས་པའི་ཞིབ་འཇུག་པ་གཙོ་བོ་ཡིན་པའི་ཧུའུ་ཏན་གྱིས། གོམ་སྟབས་རྗེས་མར་ཚོགས་པས་རིགས་གཅིག་མཁས་ཅན་གྱི་བསམ་འཆར་དང་གྲོས་འགོར་གཞིགས་ནས་གནད་སྨིན་འདེབས་གསོའི་ལག་རྩལ་བྱེད་ཐབས་སྔར་བས་ཞིབ་ཚགས་སུ་བཏང་སྟེ་མ་རྨོས་ལོ་ཏོག་གི་ཐོན་འབབ་མཐོ་ཤོས་ཀྱི་འདེབས་གསོའི་ལག་རྩལ་གསོ་སྦྱོང་དང་ཁྱབ་གདལ་བཏང་ནས། ཉིང་ཁྲི་གྲོང་ཁྱེར་གྱི་ཞིང་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལག་རྩལ་གྱི་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།