དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2024ལོའི་པར་ཙིར་གྱི་ཀྲུང་གོའི་གློག་བརྙན་དུས་ཆེན་ལི་གཡོད་དུ་འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-11-09

    ཉིན་ཤས་གོང་། 2024ལོའི་པར་ཙིར་གྱི་ཀྲུང་གོའི་གློག་བརྙན་དུས་ཆེན་ལི་གཡོད་རེ་ནེ་ལུའུ་ཨའོ་ཏི་ཨེན་གློག་བརྙན་ཁང་དུ་འགོ་ཚུགས་པ་དང་། བྱེད་སྒོ་དེ་སྤེལ་བའི་དམིགས་ཡུལ་ནི་གློག་བརྙན་བརྒྱུད་པར་ཀྲུང་རྒྱལ་ཁབ་གཉིས་པོའི་མི་དམངས་ཕན་ཚུན་ཤེས་རྟོགས་དང་རྒྱལ་ཁབ་གཉིས་པོའི་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་ཆེད་ཡིན་པ་རེད།

    ཀྲུང་གོ་ཕྱོགས་ཀྱི་སྐུ་མགྲོན་གྱིས་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་སྒྲོན་སྐབས། ཀྲུང་གོའི་གློག་བརྙན་ཁྲོམ་ར་སྒོ་དབྱེ་བསྟུན་མཁས་ཡིན་པས་གོ་ལ་ཧྲིལ་པོའི་གློག་བརྙན་མི་སྣ་དང་སྤེལ་རེས་དམ་ཟབ་དང་མཉམ་ལས་དམ་ཟབ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་པར་ཙིར་དང་མཉམ་དུ་གློག་བརྙན་གྱི་སྒྱུ་རྩལ་དང་དེ་བཞིན་དེའི་ཐོན་ལས་ཀྱི་ལྷུ་ཚིགས་མང་པོའི་ཁྲོད་མཉམ་ལས་བྱ་རྒྱུར་སྔར་བས་སྐུལ་འདེད་གཏོང་རྒྱུ་སྟེ་དཔེར་ན། རྒྱལ་ཁབ་གཉིས་པོའི་གློག་བརྙན་ཕྱོགས་གཉིས་པོའི་རྒྱལ་ཁབ་ཏུ་ཡུན་རིང་སྟོན་རྒྱུའི་ལམ་སྲོལ་འཛུགས་པ་དང་། ཁྲོམ་རའི་ཆོས་ཉིད་དང་འཚམ་པའི་མཉམ་ལས་རྣམ་གྲངས་མགྱོགས་མྱུར་གཏོད་རྒྱུ། རྒྱལ་ཁབ་གཉིས་པོའི་གློག་བརྙན་ཡིག་ཚགས་ཁང་གི་ལས་སྒོའི་འགྲོ་འོང་ལ་ཤུགས་སྣོན་རྒྱག་རྒྱུ་སོགས་ཀྱི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད།

    པར་ཙིར་ས་ཁམས་བསྡོམས་རྩིས་ཅུས་ཀྱི་ལས་དོན་པ་རུའོ་ཙེ·ཏན་ཉི་ཨར·ཏ་ཤིར་ཝ་ནི་ཀྲུང་གོའི་རིག་གནས་ལ་ཧ་ཅང་དགའ་ཞེན་ཆེ་ཞིང་། ལས་ཀ་གྲོལ་རྗེས་རྟག་ཏུ་གློག་བརྙན་ཁང་དུ་ལྟད་མོ་ལྟ་བར་འགྲོ་གི་ཡོད། ཁོང་གིས་པར་ཙིར་དང་ཀྲུང་གོའི་དབར་གློག་བརྙན་གསར་རྩོམ་ཐད་ཕན་ཚུན་བློ་སྒོ་འབྱེད་པ་དང་མཉམ་ལས་པར་རྒྱག་བྱེད་ཀྱི་ཡོད། པར་ཙིར་མི་དམངས་གློག་བརྙན་ལྟ་རྒྱུར་དགའ་བས་ནང་དོན་གང་འདྲ་ཞིག་ཡིན་རུང་དེར་ལྟད་མོ་ལྟ་མཁན་མང་པོ་ཡོད་ངེས་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།