དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མལ་གྲོ་གུང་དཀར་རྫོང་རྩ་ཞོལ་ཤང་གལ་ལ་ཧོར་གྲོང་ཚོར།

    སླེལ་པོ་སླ་བའི་ལག་ཤེས“སོར་རྩེའི་དཔལ་འབྱོར”དུ་གྱུར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-09

    འདི་ནི་ཨ་རོགས་ཀྱིས་སླེལ་པོའི་སྒྲོམ་གཞི་བཟོ་བཞིན་པ།

    འདི་ནི་ཨ་རོགས་ཀྱིས་བཟའ་ཟླར་སླེལ་པོ་སྐུར་བཞིན་པ།

    འདི་ནི་ཨ་རོགས་ཀྱིས་བསླས་ཟིན་པའི་སླེལ་པོའི་སྤུས་ཚད་ལ་ལྟ་བཞིན་པ།

    འདི་ནི་ཨ་རོགས་ཀྱིས་སླེལ་པོ་བསླ་བཞིན་པ།

    འདི་ནི་ནས་སོན་སོགས་བཀྲ་ཤིས་གཡང་རྫས་བྱུར་བུར་བླུགས་པའི་སློ་མ་ཡིན་པ།

    འདི་ནི་མལ་གྲོ་གུང་དཀར་རྫོང་རྩ་ཞོལ་ཤང་གལ་ལ་ཧོར་གྲོང་ཚོས་བསླས་པའི་སློ་མ་ཡིན་པ།

    འདི་ནི་མལ་གྲོ་གུང་དཀར་རྫོང་རྩ་ཞོལ་ཤང་གལ་ལ་ཧོར་གྲོང་ཚོའི་བུད་མེད་ཚོས་སྤུས་ཁ་དག་པའི་སློ་མའི་ནང་བཀྲ་ཤིས་གཡང་རྫས་བླུགས་ནས་དཔྱིད་རྨོད་དཔྱིད་འདེབས་ཀྱི་མཛད་སྒོར་ཞུགས་བཞིན་པ།

    འདི་ནི་ཨ་རོགས་ཀྱིས་གསར་འགོད་པར་སླེལ་པོ་ངོ་སྤྲོད་བྱེད་བཞིན་པ།

    གསར་འགོད་པས་མལ་གྲོ་གུང་དཀར་རྫོང་རྩ་ཞོལ་ཤང་གལ་ལ་ཧོར་གྲོང་ཚོའི་ཡུལ་མི་ཨ་རོགས་ཀྱི་ཁྱིམ་དུ་བསྐྱོད་པ་ཡིན། ཨ་རོགས་ཀྱིས་ཞིང་དལ་དུས་སུ་སླེལ་པོའི་ཐོན་རྫས་བསླས་ནས་ཕ་མེས་ཀྱི་ལག་ཤེས་གཞོན་ནུ་ཚོས་རྒྱུན་འཛིན་ཐུབ་པར་བྱེད་ཀྱི་ཡོད།

    གལ་ལ་ཧོར་གྲོང་ཚོའི་སླེལ་པོ་སླ་བའི་ལག་ཤེས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། དེ་ནི་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་གྲས་ཤིག་ཡིན། གྲོང་མི་ཚོས་མི་རབས་ནས་མི་རབས་བར་སླེལ་པོ་སླ་བའི་ལག་ཤེས་སྦྱོང་གི་ཡོད་ལ། ཨ་རོགས་དང་འདྲ་བའི་སླེལ་པོ་སླ་མཁན་དུད་ཚང་7ཡོད། ཁོང་ཚོས་ལྕང་ལྕུག་རིན་ཐང་ལྡན་པའི་ཚོང་ཟོག་ཏུ་འགྱུར་བ་དང་སླེལ་པོ་སླ་བའི་ལག་ཤེས“སོར་རྩེའི་དཔལ་འབྱོར”དུ་འགྱུར་བར་བྱས་ཡོད།

    ད་ཆ་ཨ་རོགས་ཁོང་ཚོས་ཐོན་རྫས་ཀྱི་བཟོ་ལྟ་གསར་གཏོད་དང་སྤུས་ཚད་ལེགས་སུ་བཏང་བས་ཁྲོམ་རའི་ཁས་ལེན་ཐོབ་ཡོད།

    གྲོང་མི་ཚོས་སླེལ་པོ་སླ་བའི་ལས་ལ་ཞུགས་པས་ཡོང་འབབ་འཕར་བ་མ་ཟད། རྩལ་ནུས་དང་ཆེད་ལས་ཀྱི་བྱང་ཚད་ཀྱང་མཐོ་རུ་ཕྱིན་ཡོད། སླེལ་པོ་སླ་བའི་ལག་ཤེས་རྒྱུན་འཛིན་བྱས་པས་ཡུལ་མིར་ཕྱུག་འགྱུར་གྱི་གོ་སྐབས་གསར་པ་ཐོབ་པ་དང་གྲོང་གསེབ་དར་རྒྱས་ལ་འཕེལ་རྒྱས་གསར་པ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།