དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱིས་ཚོགས་པ་སྒྲིག་འཛུགས་བྱས་ནས་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་བདུན་པར་ཞུགས་པ།

    ཝང་ཅུན་འབྲེལ་ཡོད་བྱེད་སྒོར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-09

    ཟླ་11ཚེས་5ནས་10ཉིན་བར། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་བདུན་པ་རྒྱལ་ཁབ་ཚོགས་འགྲེམས་ལྟེ་གནས(ཧྲང་ཧའེ)སུ་འཚོགས་པ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་ཝང་ཅུན་གྱིས་བོད་ལྗོངས་ཉོ་ཚོང་ཚོགས་པའི་སྣེ་ཁྲིད་དེ་འབྲེལ་ཡོད་བྱེད་སྒོར་ཞུགས་ནས་སྐོར་འགྲེམས་བྱེད་སར་ཕེབས་པ་རེད།

    ནང་འདྲེན་དངོས་མང་སྟོན་ཚོགས་རིང་། ཝང་ཅུན་སྔ་རྗེས་སུ་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་བདུན་པ་དང་ཧུང་ཆའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་། རླངས་འཁོར་དང་། སྨན་བཅོས་ཡོ་བྱད། སྨན་བཅོས་བདེ་སྲུང་། འཛད་རྫས་སོགས་འགྲེམས་ཁུལ་གྱི་སྐོར་འགྲེམས་བྱེད་སར་ཕེབས་ཏེ། ཀྲུང་གོའི་ཞིབ་སྤེལ་ལྟེ་གནས་ཀྱི་3Mརུ་བརྟག་ཞིབ་གནང་བ་དང་། ཀྲུང་གོའི་བོད་ལྗོངས་དང་འབྲུག་ཡུལ་གྱི་མི་ཆོས་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་དང་། དངོས་མང་སྟོན་ཚོགས་ཀྱི་འདོད་མོས་ཉོ་སྒྲུབ་གན་འཇོག་མཛད་སྒོ བོད་ཀྱི་སྒོ་དབྱེ་རྣམ་པའི་གླིང་ཁུལ་གྱི་ཚོང་འགུགས་འོས་སྦྱོར་ཚོགས་འདུ་བཅས་སུ་ཞུགས་པ་རེད། བོད་ཀྱི་འགྲེམས་ཁང་དུ་སྐོར་གཟིགས་གནང་རིང་། འགྲེམས་ཚོགས་ལ་ཞུགས་པའི་རང་ལྗོངས་ཀྱི་ཁེ་ལས་ཀྱི་འཐུས་མིར་འཚམས་འདྲི་གནང་བ་མ་ཟད། འགྲེམས་ཚོགས་ལ་ཞུགས་པའི་ཁེ་ལས་དང་ཁོང་ཚོའི་ཚོང་གཉེར་འཕེལ་ཕྱོགས་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

    སྐབས་འདིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཐོག་རང་ལྗོངས་ཀྱིས་ཉོ་སྒྲུབ་ཚོང་དུད་52སྒྲིག་འཛུགས་བྱས་པ་མ་ཟད། ཁེ་ལས་13དང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི་གླིང་སྒྲུང་འཆད་གྱེར་སོགས་རིག་རྩལ་ལེ་ཚན་འགྲེམས་སྟོན་ལ་གདན་དྲངས་པ་རེད། ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་རྒྱལ་སྤྱིའི་ཉོ་སྒྲུབ་ལས་སྟེགས་བརྒྱུད་བོད་ལྗོངས་འོས་སྦྱོར་བྱས་ནས་ཐོན་རྫས་སྤུས་ལེགས་དེ་བས་མང་བ་བོད་དུ་ནང་འདྲེན་ཐུབ་པའི་བརྩོན་ལེན་བྱས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།