དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱིས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ལ་ཞུགས་པའི་དགུན་དུས་སྦྱོང་བརྡར་འགོ་འཛུགས་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-09

    ཉེ་ཆར། གསར་འགོད་པས་2024ལོའི་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པར་གྲ་སྒྲིག་བྱེད་པའི་དགུན་དུས་སྦྱོང་བརྡར་གྱི་སྐུལ་སློང་ཚོགས་ཆེན་ནས་ཤེས་རྟོགས་བྱས་པ་ལྟར་ན། སང་ལོའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པར་ཕྱོགས་ཡོངས་ནས་གྲ་སྒྲིག་བྱ་ཆེད། རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་2024ལོའི་ཟླ་11པའི་ཟླ་དཀྱིལ་ནས་2025ལོའི་ཟླ་3པའི་ཟླ་དཀྱིལ་བར་རང་ལྗོངས་ཀྱི་མཆོང་རྒྱུག་འཕེན་གསུམ་དང་། སྦེ་ག རྟ་རྩལ། བྲག་འཛེག མདའ་འཕེན། འབོག་སན། འཕེན་མདུང་། རྐང་འཁོར། གངས་ཤུད་བཅས་ཀྱི་ལུས་རྩལ་པ་ངོ་མ་དང་། དེ་བཞིན་རང་སྐྱོང་ལྗོངས་ལུས་རྩལ་སློབ་གྲྭའི་ལུས་རྩལ་འཛིན་གྲྭའི་སློབ་མར་དགུན་དུས་ཀྱི་སྦྱོང་བརྡར་སྤྲོས་རྒྱུ་ཡིན་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་2025ལོའི་ཟླ་11པར་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་དུ་འཚོག་རྒྱུ་ཡིན་ཞིང་། དེ་ནི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་ཐོག་ས་ཁུལ་མང་པོས་མཉམ་དུ་སྒྲུབ་འགན་འཁུར་བའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཤིག་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།