དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཀོང་པོ་རྒྱ་མདའ་རྫོང་གིས་ཤང(གྲོང་རྡལ)ཁག་ལ་དགུན་འདེབས་སོན་སྤྲད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-08

    དགུན་འདེབས་ལས་དོན་བདེ་བླག་སྤེལ་ཐུབ་པའི་འགན་ལེན་བྱ་ཆེད། ཉེ་ཆར། ཀོང་པོ་རྒྱ་མདའ་རྫོང་ཞིང་ལས་གྲོང་གསེབ་ཅུས་དང་ཚན་རྩལ་ཆུ་བེད་ཅུས་ཀྱིས་དགུན་འདེབས་ལས་དོན་སྤེལ་ནས་རྫོང་དེའི་ཤང་དང་གྲོང་རྡལ་དྲུག་ལ་སྤུས་ལེགས་ས་བོན(ལྷོ་ཁའི་དགུན་གྲོ་ཨང་7པ)རྒྱ་མ་ཁྲི་6.75སྤྲད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་སྤྲད་པའི་དགུན་འདེབས་ས་བོན་ཚང་མ་ནི་གདམ་གསེས་ནན་པོ་བྱས་པ་དང་ཕྱི་ཐུམ་བརྒྱབ་རྗེས་ཀྱི་ས་བོན་ཡིན་པ་དང་ས་བོན་མཆེ་བ་འབུས་ཚད་98%ཡན་ཟིན་གྱི་ཡོད་པ་རེད། ལས་དོན་མི་སྣས་ས་གནས་ས་ཐོག་ཏུ་ཞིང་འབྲོག་པར་འདེབས་འཛུགས་ལག་རྩལ་གྱི་བློ་འདྲི་དང་ཞབས་འདེགས་ཞུས་ནས་ཞིང་པར་ལུགས་མཐུན་ངང་ལུད་རྒྱག་པ་དང་ཞིབ་ཅིང་ཕྲ་བའི་སྒོ་ནས་འདེབས་འཛུགས་བྱ་རྒྱུར་མཛུབ་ཁྲིད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།