དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ངམ་རིང་རྫོང་ཚོ་སྨད་ཤང་གིས་ཁྱིམ་གྱི་སྒོ་རྩར་རྒན་གསོའི་ཞབས་འདེགས་ཞུས་ནས་མི་སེམས་དྲོ་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-08

    རྒན་རྒོན་གྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་གཏོང་ཆེད། ཉེ་ཆར། ངམ་རིང་རྫོང་ཚོ་སྨད་ཤང་ལས་ཁུངས་ཏང་ཀྲི་པུའུ་དང་། སྡིག་རག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་རྒན་རྒོན་གྱི་རྒན་གསོའི་ཞབས་ཞུའི་དགོས་མཁོར་གཞིགས་ཏེ། “ཉིན་མོའི་ལྟ་རྟོག་ལས་དྲོ་སྐྱིད་ཚོར། བདེ་སྐྱིད་འཚོ་བ་སྔར་བས་སྐྱིད་དུ་གཏོང་བའི”བརྗོད་དོན་གཙོ་བོའི་ཉིན་མོའི་ལྟ་རྟོག་ཞབས་ཞུའི་བྱེད་སྒོ་སྤེལ་ཡོད།

    བྱེད་སྒོ་སྤེལ་རིང་། ཏང་ཡོན་དང་བླངས་པས་རྒན་རྒོན་ཚོར་ཚ་སོབ་སོབ་ཀྱི་ཇ་མངར་མོ་བླུག་པ་དང་། སྤུས་དག་གི་ཤིང་འབྲས་སིལ་མ་བཀྱག་ནས་རྒན་རྒོན་ཚོ་དང་ཅི་འཕྲོས་མོལ་འཕྲོས་ངང་ཁོང་ཚོའི་སྙིང་གཏམ་ཉན་པ་མ་ཟད། གླུ་གར་འཁྲབ་སྟོན་དང་རོལ་རྩེད་ཀྱི་བྱེད་སྒོ་སྣ་ཚོགས་ཀྱང་སྤེལ་ཡོད། ད་དུང་ཤང་འཕྲོད་བསྟེན་ཁང་གི་སྨན་དོན་པས་རྒན་རྒོན་ཚོར་ཁྲག་ཤེད་བལྟས་ཏེ་རིན་མི་དགོས་པར་སྨན་སྤྲོད་པ་དང་། སྨན་བཟའ་སྟངས་བསླབ་པ། ཚན་རིག་ཁྱབ་གདལ་གྱི་འཕྲོད་བསྟེན་བདེ་སྲུང་དང་བདེ་ཐང་གི་བཟའ་བཏུང་ཤེས་བྱ་བསླབས་ནས་ཤེས་དཔལ་གྱི་བདེ་ཐང་འཚོ་བའི་འདུ་ཤེས་རྒན་རྒོན་ཚོགས་སྤྱིའི་སེམས་ནང་ཟུག་རྒྱུར་སྐུལ་འདེད་བཏང་ཡོད།

    འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་ཚོ་སྨད་ཤང་གིས་ཉིན་མོའི་ལྟ་རྟོག་ཁང་འཛུགས་སྐྲུན་ལས་གཉེར་ལས་དོན་ཞིབ་ཚགས་སུ་གཏོང་བར་མུ་མཐུད་ཤུགས་སྣོན་བརྒྱབ་ནས། རྩ་འཛུགས་ཀྱི་ལམ་སྲོལ་ཟམ་མི་ཆད་པར་ལེགས་སུ་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་སྟེ། རྒྱུན་རྣམ་ཅན་གྱི་བྱེད་སྒོ་སྤེལ་ནས་ཆེད་ལས་དང་བརྩེ་སེམས་ལྡན་པའི་ཞབས་འདེགས་ཞུས་ཏེ་ཁོངས་གཏོགས་ཁུལ་གྱི་རྒན་རྒོན་ལ་ཁྱིམ་གྱི་སྒོ་རྩ་ནས“རྒས་དུས་འཚོ་རྟེན་ཡོད་པ་དང་། རྒས་དུས་རྟེན་ས་ཡོད་པ། རྒས་དུས་སྤྲོ་སྣང་ཡོད་་པ”བཅས་མངོན་འགྱུར་ཐུབ་པ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།