དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཨ་མདོ་རྫོང་མི་དམངས་ཁྲིམས་ཁང་གི“མཚོ་བོད་ལམ་ཐིག་གི་གངས་ལྷ་མེ་ཏོག་ཁྱིམ་སྲུང་རུ་ཁག”གིས་གྲོང་ཚོར་ཁྲིམས་ལུགས་དྲིལ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-08

    ཉེ་ཆར། ཨ་མདོ་རྫོང་མི་དམངས་ཁྲིམས་ཁང་གི“མཚོ་བོད་ལམ་ཐིག་གི་གངས་ལྷ་མེ་ཏོག་ཁྱིམ་སྲུང་རུ་ཁག”ཨ་མདོ་བྲག་ནག་གྲོང་རྡལ་གྱི་གྲོང་ཚོ་དང་པོར་བསྐྱོད་ནས“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། ཞི་མཐུན་མེ་ཏོག་གདོང་ལེན་མི་སྣས་སྐྱོང”ཞེས་པའི་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་དང་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་ལས་དོན་དོན་འཁྱོལ་བྱས་ཏེ་མི་རིགས་ཁག་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་ཡོང་བ་དང་ཁྱིམ་སྲོལ་བཟང་པོ་དར་སྤེལ་གཏོང་བའི་རྣམ་པ་ཡག་པོ་སྔར་བས་བཏོད་པ་རེད།

    སྒྲོག་འགྲེལ་བྱ་ཡུལ་དུ། ཁྲིམས་དཔོན་གྱིས“ཡིག་སྐད”དེ“ཡུལ་སྐད”དུ་བསྒྱུར་ནས་མང་ཚོགས་ཀྱི་ལྟ་ཕྱོགས་དང་། མང་ཚོགས་གོ་བདེ་བའི་སྐད་ཆ། གཏམ་རྒྱུད་བརྗོད་པའི་ཐབས་ལམ། མང་ཚོགས་ཉེ་འགྲམ་གྱི་དཔེ་མཚོན་གྱོད་གཞི་དང་ཟུང་འབྲེལ་བཅས་བྱས་ཏེ། ཁྱིམ་སྲོལ་རྒྱུན་འཛིན་ཁྲོད་བུད་མེད་ཀྱི་དམིགས་བསལ་ལེགས་ཆ་འདོན་སྤེལ་དང་། ཁྱིམ་ཚང་གི་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྱོང་ཁྲོད་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། ཁྱིམ་ཚང་ཆུང་ངུ་ཡག་པོ་བསྐྲུན་ནས་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་ཆེན་པོ་བསྐྲུན་རྒྱུར་རམ་འདེགས་བཅས་ཇི་ལྟར་བྱ་རྒྱུའི་སྐོར་གླེང་བ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ད་རེས་ཀྱི་སྒྲོག་འགྲེལ་བརྒྱུད་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་པ་མ་ཟད། བུད་མེད་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་དང་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་གི་ནུས་པའང་ཆེ་རུ་སོང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།