དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷུན་རྩེ་རྫོང་རི་ཐང་གྲོང་རྡལ་གྱིས།

    སྤྱི་ཕན་རང་བཞིན་གྱི་སྒྲ་སྙན་གསོ་སྦྱོང་འཛིན་གྲྭ་ཐེངས་དང་པོ་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-08

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་རི་ཐང་གྲོང་རྡལ་གྱིས་སྤྱི་ཕན་རང་བཞིན་གྱི་སྒྲ་སྙན་གསོ་སྦྱོང་འཛིན་གྲྭ་ཐེངས་དང་པོ་གཉེར་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་སྒྲ་སྙན་གསོ་སྦྱོང་གི་དུས་ཡུན་ཁྱོན་ཉིན་15ཡིན་པ་དང་གསོ་སྦྱོང་ལ་ཞུགས་མཁན་སློབ་མ་20ཡོད་པ་རེད། གསོ་སྦྱོང་འཛིན་གྲྭས་ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་རོལ་དབྱངས་སློབ་གསོའི་ཆེད་ལས་ཀྱི་དགེ་རྒན་ཡེ་ཤེས་ཟླ་བ་མཛུབ་ཁྲིད་དགེ་རྒན་དུ་གདན་དྲངས་པ་དང་། ཁོང་གིས་སྒྲ་སྙན་གྱི་རྨང་གཞིའི་ཤེས་བྱ་དང་དཀྲོལ་སྟངས་སོགས་བསླབས་པ་རེད། གསོ་སྦྱོང་རིང་སློབ་མ་ཚོའི་སྒྲ་སྙན་སྦྱོང་འདོད་ཀྱི་སྤྲོ་སྣང་ཆེ་བ་དང་ཡུལ་དངོས་ཀྱི་རྣམ་པ་ཧ་ཅང་འཁྲུག་པོ་ཡོད་པ་རེད།

    ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་གཉེར་བ་དེས་མི་རིགས་ཀྱི་སྲོལ་རྒྱུན་རོལ་ཆའི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་ཐད་ནུས་པ་ངེས་ཅན་ཐོན་ཡོད་ལ། སྒྲ་སྙན་སྦྱོང་འདོད་ཡོད་མཁན་ཚོར་ཡང་སློབ་སྦྱོང་དང་སྤེལ་རེས་ཀྱི་གོ་སྐབས་ཤིག་བསྐྲུན་ནས། ལས་བྱེད་པ་དང་མང་ཚོགས་ལ་དེ་བས་འཐུས་སྒོ་ཚང་ཞིང་། སྤུས་ཚད་མཐོ་བའི་བསམ་པའི་དཔལ་ཡོན་གྱི་འཚོ་བ་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།