དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གིས།

    ཞིང་འབྲོག་པའི་ཏང་ཡོན་མང་ཚོགས་ལྗོངས་ཕྱིར་ལྟ་སྐོར་སློབ་སྦྱོང་དུ་ཁྲིད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-08

    ད་ལོའི་ཚུན་དུ། ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གིས་ཐབས་མང་མཉམ་སྤྱོད་ཀྱིས་ཞིང་འབྲོག་པའི་ཏང་ཡོན་མང་ཚོགས་སྒྲིག་འཛུགས་བྱས་ཏེ། “སྔོན་ཐོན་ལ་སློབ་སྦྱོང་བྱས་ནས་མཐོང་རྒྱ་བསྐྱེད་པ་དང་འཇོན་ཐང་ཆེ་རུ་བཏང་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”ལྟ་སྐོར་སློབ་སྦྱོང་བྱེད་སྒོ་སྤེལ་ནས། “གཞི་རིམ་ལ་ནམ་ཡང་གནས་ཐུབ་པའི་འགག་སྒྲོལ་དཔུང་ཁག་དང་ཕྱུག་འགྱུར་སྣེ་ཁྲིད་པ་གསོ་སྦྱོང་བྱེད་པའི”དམིཌ་ཚད་མངོན་འགྱུར་བྱ་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་བ་རེད།

    ལོ་སྟོད་དུ་སྨར་ཁམས་རྫོང་གིས《“སྔོན་ཐོན་ལ་སློབ་སྦྱོང་བྱས་ནས་མཐོང་རྒྱ་བསྐྱེད་པ་དང་འཇོན་ཐང་ཆེ་རུ་བཏང་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”ལྟ་སྐོར་སློབ་སྦྱོང་བྱེད་སྒོའི་སྨར་ཁམས་རྫོང་གི་ལག་བསྟར་ཇུས་གཞི》བཟོས་པ་དང་། ཆེད་བསྐོས་ཚན་ཁག་བཙུགས་ཏེ་འབྲེལ་ཡོད་ཚན་པའི་འགན་འཁྲི་ཁག་བགོས་ཞིབ་ཚགས་སུ་བཏང་ཞིང་། “རྒན་དར་གཞོན་གསུམ་ཟུང་འབྲེལ་དང་ཕོ་མོ་མཉམ་བསྲེས”ཀྱི་བྱེད་ཐབས་ལྟར་ཤང་གྲོང་16ནས་ཕ་ཡུལ་ནས་ཁ་འབྲལ་མྱོང་མེད་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་རྨང་གཞི་ཅུང་ལེགས་པའི་ཞིང་འབྲོག་པའི་ཏང་ཡོན་མང་ཚོགས་100བདམས་ནས་ཐེངས་འདིའི་ལྟ་སྐོར་སློབ་སྦྱོང་བྱེད་སྒོར་ཞུགས་པ་རེད། བྱེད་སྒོས་ཞིང་འབྲོག་པའི་ཏང་ཡོན་མང་ཚོགས་ཚོས་དབྱར་རྩྭ་དགུན་འབུ་དང་ནགས་ཁྲོད་ཐོན་ཁུངས་སྔོག་འཐུ། དཔྱིད་རྨོད་དང་སྟོན་བསྡུ་སོགས་ཐོན་སྐྱེད་དང་འཚོ་བའི་དུས་ཚོད་དང་ཟུང་འབྲེལ་བྱས་ཤིང་། ལྟ་སྐོར་སློབ་སྦྱོང་བྱེད་སྒོ་ཚོགས་ཆུང་4དང་དུས་ཐེངས་32ལ་དབྱེ་བ་དང་དུས་ཐེངས་རེ་རེར་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཅིག་གིས་རུ་སྣེ་འཁྲིད་མཁན་གྱི་འགན་འཁུར་བ་དང་། ཁོའོ་རིམ་པའི་ལས་བྱེད་པ་གཅིག་གིས་རུ་སྣེ་འཁྲིད་མཁན་གཞོན་པའི་འགན་འཁུར་ཡོད། མིག་སྔའི་བར། སྨར་ཁམས་རྫོང་གིས་ཁག་ཐེངས་བཅུ་བཞིར་དབྱེ་ནས་ཁྱོན་ཞིང་འབྲོག་པའི་ཏང་ཡོན་མང་ཚོགས་702ཡུན་ནན་དང་། སི་ཁྲོན། ཁྲུང་ཆིང་སོགས་སུ་ལྟ་སྐོར་དང་། སྤེལ་རེས། སློབ་སྦྱོང་བཅས་བྱེད་པར་ཁྲིད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།