དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རིག་དངོས་སྲུང་སྐྱོང་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་ཐེངས་གསུམ་པ་བྱེད་འགོ་ཚུགས་པ།

    རིག་དངོས་ཉར་ཚགས་ཚན་པའི་དོ་སྣང་འོས་འགན་ལ་ཤུགས་སྣོན་རྒྱག་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཝེ་ཀྲེ་ཀྲེ།   |     སྤེལ་དུས།  2024-11-08

    ཟླ་11ཚེས་4ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཉིས་པའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཤིན་ཁྲུན་དབྱིང་གིས་གནང་བའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོང་བཅའ་ཁྲིམས(བཟོ་བཅོས་འཆར་ཟིན)》ལ་གྲོས་ཞིབ་བྱས་འབྲས་སྐོར་གྱི་སྙན་ཞུ་ཉན་པ་རེད། དེ་གོང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་པའི་ཐོག་རིག་དངོས་སྲུང་སྐྱོང་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་ཐེངས་གཉིས་པ་བྱས་པ་རེད།

    ད་ལྟ་ལག་བསྟར་བྱེད་བཞིན་པའི་རིག་དངོས་སྲུང་སྐྱོང་བཅའ་ཁྲིམས་དང་བཟོ་བཅོས་འཆར་ཟིན་གྱི་གྲོས་ཞིབ་ཐེངས་གཉིས་པའི་མ་ཟིན་ནང་། རིག་དངོས་གཏན་འཁེལ་གྱི་ཚད་གཞི་དང་བྱེད་ཐབས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་བཟོ་དགོས་པ་དང་འབྲེལ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཆོག་མཆན་ཞུ་དགོས་པའི་གཏན་འབེབས་བྱས་ཡོད། རྒྱུན་ལས་ཨུ་ཡོན་དང་སྤྱི་དམངས་ཁག་གཅིག་གིས་རིག་དངོས་གཏན་འཁེལ་ལམ་ལུགས་ནི་རིག་དངོས་སྲུང་སྐྱོང་གི་གཞི་རྩའི་ལམ་ལུགས་ཡིན་ལ་བཅའ་ཁྲིམས་འདིའི་ལེགས་སྒྲིག་ཁྱབ་ཁོངས་དང་ལག་བསྟར་གྱི་ཕན་འབྲས་དང་འབྲེལ་བ་ཡོད་མོད། འོན་ཀྱང་རིག་དངོས་གཏན་འཁེལ་གྱི་ཚད་གཞི་དང་བྱེད་ཐབས་ད་དུང་ཁྲིམས་ལྟར་བཏོན་མེད་པ་དང་། ལག་ལེན་ཁྲོད་རིག་དངོས་ཀྱི་ཁྱབ་ཁོངས་གསལ་པོ་མེད་པས། འབྲེལ་ཡོད་ལས་དོན་ཚད་ལྡན་ངང་སྤེལ་བར་ཤུགས་རྐྱེན་ཐེབས་ཀྱི་ཡོད། དེར་བརྟེན་རིག་དངོས་གཏན་འཁེལ་ལམ་ལུགས་ལ་ཤུགས་སྣོན་བརྒྱབ་ནས་རིག་དངོས་སྲུང་སྐྱོང་ལས་དོན་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུའི་གྲོས་འགོ་བཏོན་ཡོད། རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཞིབ་འཇུག་བྱས་ནས་གོང་གསལ་གྱི་གཏན་འབེབས་དེ“རིག་དངོས་ཁས་ལེན་གྱི་བྱེད་པོ་དང་། ཚད་གཞི། གོ་རིམ་བཅས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་བྱེད་པ་དང་འབྲེལ་ཁྱབ་བསྒྲགས་བྱེད་པ”ཞེས་པར་བཟོ་བཅོས་བྱ་རྒྱུའི་གྲོས་འགོ་བཏོན་ཡོད།

    བཟོ་བཅོས་འཆར་ཟིན་གྱི་གྲོས་ཞིབ་ཐེངས་གཉིས་པའི་མ་ཟིན་གྱི་དོན་ཚན་ང་གཅིག་པའི་ནང་གསེས་གསུམ་པར། རིག་དངོས་ཉར་ཚགས་ཚན་པས་ཡོང་ཁུངས་ཁྲིམས་དང་མི་མཐུན་པའི་རིག་དངོས་བསྡུ་རུབ་དང་ཉོ་སྒྲུབ་བྱས་མི་ཆོག་ཅེས་གཏན་འབེབས་བྱས་ཡོད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་། ས་གནས་དང་སྤྱི་དམངས་ཁག་གཅིག་གིས་རིག་དངོས་ཡོང་ཁུངས་ཀྱི་གནས་ཚུལ་རྙོག་འཛིང་ཆེ་བས་ཚན་རིག་དང་མཐུན་ལ་ལུགས་མཐུན་གྱི་སྒོ་ནས་རིག་དངོས་ཉར་ཚགས་ཚན་པའི་ཁེ་དབང་དང་འོས་འགན་གཏན་འབེབས་བྱ་ཆེད། རིག་དངོས་ཉར་ཚགས་ཚན་པའི་དོ་སྣང་འོས་འགན་ལ་ཤུགས་སྣོན་རྒྱག་པའི་ཟུར་ཚད་ནས་ཚད་ལྡན་དུ་གཏོང་དགོས་པའི་གྲོས་འགོ་བཏོན་ཡོད། རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཞིབ་འཇུག་བྱས་པ་བརྒྱུད། གོང་གསལ་གཏན་འབེབས་དེ“རིག་དངོས་ཉར་ཚགས་ཚན་པས་ཁྲིམས་ལྟར་ལུགས་དང་མཐུན་པའི་དོ་སྣང་འོས་འགན་ལག་ལེན་བསྟར་ནས་བསྡུ་རུབ་དང་ཉོ་སྒྲུབ་བྱ་རྒྱུའི་རིག་དངོས་ཀྱི་ཡོང་ཁུངས་ཀྱི་ཁྲིམས་མཐུན་རང་བཞིན་ཤེས་རྟོགས་དང་དབྱེ་འབྱེད་བྱེད་དགོས”ཞེས་པར་བཟོ་བཅོས་རྒྱག་རྒྱུའི་གྲོས་འགོ་བཏོན་ཡོད།

    རྒྱུན་ལས་ཨུ་ཡོན་དང་། འཐུས་མི། ས་གནས་དང་སྤྱི་དམངས་བཅས་ཁག་གཅིག་གིས་དམངས་ཁྲོད་ཀྱི་ཉར་ཚགས་བྱེད་སྒོ་ལས་རིག་དངོས་སྲུང་སྐྱོང་བེད་སྤྱོད་ལ་སྐུལ་མ་གཏོང་ཐུབ་པ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པར་ནུས་པ་གལ་ཆེན་ལྡན་ཡོད་པས་སྐུལ་ལྕག་དང་ཁྲིད་སྟོན་བྱེད་དགོས་ཞེས་བཏོན་ཡོད་ཅིང་། རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཞིབ་འཇུག་བྱས་པ་བརྒྱུད། རྒྱལ་ཁབ་ཀྱིས་སྤྱི་དམངས་དང་རྩ་འཛུགས་ཀྱིས་ཁྲིམས་མཐུན་ངང་ཉར་ཚགས་བྱེད་པར་ལྕག་སྐུལ་བྱེད་པ་དང་། དམངས་ཁྲོད་ཀྱི་ཉར་ཚགས་བྱེད་སྒོར་མཛུབ་ཁྲིད་དང་། དོ་དམ། ཞབས་ཞུ་བཅས་བྱེད་པར་ཤུགས་སྣོན་རྒྱག་དགོས་པའི་གཏན་འབེབས་ཁ་སྣོན་བྱ་དགོས་པའི་གྲོས་འགོ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།