དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀོང་ཀྲོའུ་ཚོང་འདུས་ལ་མངའ་ཁོངས་ཕྱི་རོལ་ནས་ཉོ་སྒྲུབ་ཚོང་པ་ཁྲི་25ལྷག་ཙམ་སླེབས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-11-08

    ཚེས་4ཉིན། ཀོང་ཀྲོའུ་ཚོང་འདུས་སྐབས་136པ་ཀོང་ཀྲོའུ་རུ་མཇུག་འགྲིལ་བ་དང་། ཚོང་འདུས་ལ་ཡོང་བའི་མངའ་ཁོངས་ཕྱི་རོལ་གྱི་ཉོ་སྒྲུབ་ཚོང་པའི་གྲངས་འབོར་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད། ཟླ་11ཚེས་3ཉིན། རྒྱལ་ཁབ་དང་ས་ཁུལ་214ནས་ཡོང་བའི་མངའ་ཁོངས་ཕྱི་རོལ་གྱི་ཉོ་སྒྲུབ་ཚོང་པ་ཁྲི་25.3ཟིན་ནས་སྐབས་གོང་མ་ལས་2.8%འཕར་བ་དང་མི་ཁྲི་25ལས་ཐེངས་དང་པོ་བརྒལ་ཡོད་པ་རེད། དེའི་ནང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་དང་ས་ཁུལ་གྱི་ཉོ་སྒྲུབ་ཚོང་པའི་བསྡུར་ཚད་ཀྱིས་བཅུ་ཆ་དྲུག་ལྷག་ཙམ་ཟིན་པ་དང་། དབུས་ཤར་རྒྱལ་ཁབ་ཀྱི་ཉོ་སྒྲུབ་ཚོང་པའི་གྲངས་འབོར་འཕར་ཚད་མགྱོགས་ཤོས་ཡིན་ལ། ཡོ་རོབ་དང་མེ་གླིང་རྒྱལ་ཁབ་ཀྱི་ཉོ་སྒྲུབ་ཚོང་པའི་གྲངས་འབོར་མངོན་གསལ་དོད་པོས་བསྐྱར་དུ་འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།