དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་ཁེ་ལས་ལས་རིགས་མི་སྣས་རྒྱལ་ཁབ་གཉིས་པོའི་མ་འཇོག་མཉམ་ལས་ཀྱི་མདུན་ལམ་ཡག་པོ་ཡོད་པའི་ངོས་འཛིན་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-11-08

    ཉེ་ཆར། “འབྱུང་འགྱུར་གྱི་མ་འཇོག་གྲོས་འགོའི”ཚོགས་ཆེན་སྐབས་བརྒྱད་པ་སོ་ཏི་ཨ་རབ་ཀྱི་རྒྱལ་ས་རི་ཡ་ཏེར་འཚོགས་ཤིང་། ཀྲུང་གོ་དང་སོ་རི་ཨ་རབ་ཀྱི་ཁེ་ལས་ལས་རིགས་མི་སྣས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་རྒྱལ་ཁབ་གཉིས་པོས་ནུས་རྒྱུ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་ལེགས་ཆ་གསབ་རེས་བྱས་ནས་མ་འཇོག་མཉམ་ལས་ཀྱི་མདུན་ལམ་ཡག་པོ་ཡོད་ཅེས་བརྗོད་པ་རེད།

    སྐབས་འདིའི“འབྱུང་འགྱུར་གྱི་མ་འཇོག་གྲོས་འགོའི”ཚོགས་ཆེན་རིང་སོ་ཏི་ཨ་རབ་རྒྱལ་སྤྱིའི་གློག་ཤུགས་དང་ཆུ་དོན་ཀུང་སིའི་ཁོངས་གཏོགས་ཁེ་ལས་དང་ཀྲུང་གོ(ཧྲང་ཧའེ)རང་མོས་ཚོང་དོན་ཚོད་ལྟ་ཁུལ་དོ་དམ་ཨུ་ལྷན་གྱི་ལུའུ་ཅཱ་ཙུའེ་དོ་དམ་ཅུས་ཀྱིས་གྲོས་མཐུན་ལ་མིང་རྟགས་བཀོད་ནས་ཧྲང་ཧའེ་རུ་གོ་ལ་ཧྲིལ་པོའི་གསར་གཏོད་ལྟེ་གནས་འཛུགས་རྒྱུ་ཡིན་པ་རེད།

    འདི་ནི་སོ་ཏི་ཨ་རབ་ཀྱི་རྒྱལ་ས་རི་ཡ་ཏེར་མི་རྣམས་སོ་རི་ཨ་རབ་ཀྱི“འབྱུང་འགྱུར་གྱི་མ་འཇོག་གྲོས་འགོའི”ཚོགས་ཆེན་སྐབས་བརྒྱད་པར་ཞུགས་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།