དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གཏེར་ལེན་ཁ་ཡིས་གཞི་རིམ་བཅོས་སྐྱོང་ལ་མཉམ་དུ་ཤུགས་སྣོན་བརྒྱབ་ནས“མཉམ་བཅོས”ཀྱི་རྣམ་པ་གསར་པ་བཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-11-08

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོ་ཚུན་དུ་གཏེར་ལེན་ཁ་གྲོང་ཁྱེར་གྱིས་གཞི་རིམ་བཅོས་སྐྱོང་བརྟན་དུ་གཏོང་རྒྱུ་རྨང་གཞིར་བྱས་ཏེ། སྡེ་ཁུལ་གྱི་ལས་ཐོག་ཏང་ཡོན་དང་དྲ་མིག་དོ་དམ་པ་སོགས་ཕྱོགས་མང་པོའི་སྟོབས་ཤུགས་སྐུལ་སློང་བྱས་ནས་གཞི་རིམ་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་བྱ་ཐབས་ནུས་ལྡན་རབ་དང་རིམ་པ་བརྒྱུད་གཞི་རིམ་བཅོས་སྐྱོང་ཞིབ་ཚགས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་བས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཏན་ཏིག་ཕྱིན་ཡོད།

    གཏེར་ལེན་ཁ་གྲོང་ཁྱེར་གྱིས“ཏང་འཛུགས་སྐྱོང་དང་བཅོས་སྐྱོང་ཟུང་འབྲེལ”གྱི་བྱེད་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས་ཏང་འཛུགས་སྐྱོང་ལས་དོན་གཞི་རིམ་བཅོས་སྐྱོང་གི་ལྷུ་ཚིགས་ཁག་དང་མཉམ་འདྲེས་གཏིང་ཟབ་བྱེད་པ་དང་། ཏང་འཛུགས་སྐྱོང་གི་ཁྲིད་སྟོན་ལ་བརྟེན་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་ལ་སྣེ་ཁྲིད་དང་སྐུལ་ཁྲིད་བྱེད་པ། ཏང་འཛུགས་སྐྱོང་དང་། གྲོང་གསེབ་དར་རྒྱས། དམངས་འཚོའི་ཁྱབ་ཁོངས་སོགས་ཀྱི་ནང་དོན་ལ་དམིགས་ནས་སློབ་གསོ་གསོ་སྦྱོང་གི་བྱེད་སྒོ་སྤེལ་བ། ཏང་ཡོན་དང་ལས་བྱེད་པས་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་བྱེད་པར་ཁྲིད་སྟོན་བཅས་བྱས་ཏེ། ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་ཡོད། ད་ལོ་ཚུན་དུ་ཁྱབ་ཁོངས་ཁག་གི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་158སྒྲིག་འཛུགས་བྱས་ནས་གྲོང་ཁྱེར་རིམ་པའི་གཙོ་གནད་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་3ནང་ཞུགས་པ་དང་ཞིང་འབྲོག་པ་ཏང་ཡོན་1500ལྷག་ཙམ་ལ་དགུན་དཔྱིད་དུ་སྐོར་སྦྱོང་བྱས་ནས་གཞི་རིམ་བཅོས་སྐྱོང་ཐད་ཕན་ནུས་རྒྱུན་མཐུད་སྦྱིན་ཡོད།

    དྲ་མིག་དོ་དམ་ཞིབ་ཚགས་བྱེད་པར་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་ནས་ཚན་རིག་དང་མཐུན་པའི་དྲ་མིག་154བཀོད་སྒྲིག་བྱས་པ་དང་། གྲོང་ཚོའི(སྡེ་ཁུལ)འགན་འཁུར་བས་ཐད་ཀར་དྲ་དཔོན་གྱི་འགན་འཁུར་བ་དང་འབྲེལ། ཆེད་བསྐོས་དྲ་མིག་དོ་དམ་པ་154འདེམས་སྒྲུག་ནན་པོ་བྱས་པ་མ་ཟད། “ཨུ་ལྷན་གཉིས”ཀྱི་ཁོངས་མི་དང་། གྲོང་ཚོའི(ལས་རོགས་ཉེན་རྟོག་པ)ཉེན་རྟོག་པ། མི་དམངས་ཀྱི་འདུམ་འགྲིག་པ་སོགས་ཀྱི་སྟོབས་ཤུགས་བསྡུ་སྒྲིལ་བྱས་ཏེ་ལས་འགན་གཅིག་ལྕོགས་ཀྱི་དྲ་མིག་དོ་དམ་པའི་དཔུང་ཁག་སྟོབས་ཆེན་བཙུགས་ནས“དྲ་བ་གཅིག་གིས་ཡོངས་ལ་དོ་དམ་བྱེད་པའི”ནུས་ཆེའི་དོ་དམ་མངོན་འགྱུར་བྱུང་ཡོད། བྱ་ཐབས་ཞིབ་ཕྲ་དང་དུས་བཀག་ཁ་གསལ་བཟོས་ཏེ་མང་ཚོགས་ཀྱི་དགོས་མཁོ་འཕྲལ་མར་ཤེས་རྟོགས་བྱས་ནས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་ནུས་ལྡན་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།