དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས།

    “ཏང་འཛུགས་སྐྱོང་དང་སེ་འབྲུ་དམར་པོ”ཟུང་དུ་འབྲེལ་བའི་སྤུས་རྟགས་ཧུར་ཐག་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-08

    ད་ལོ་ཚུན་དུ། ལྷོ་ཁ་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་འགན་ནུས་ཀྱི་ངེས་གནས་ལ་གཞི་ཚུགས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་དེ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་ཁྱབ་པ་དང་དམིགས་ཚད་ཀྱི་ངེས་གནས་ཡང་དག་བཙལ་ཏེ“ཏང་འཛུགས་སྐྱོང་དང་སེ་འབྲུ་དམར་པོ”ཟུང་དུ་འབྲེལ་བའི་སྤུས་རྟགས་ཧུར་ཐག་བཏོད་ནས། སྤུས་ཚད་མཐོ་བའི་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་ལ་ཁྲིད་སྟོན་བྱས་པ་རེད།

    ལྷོ་ཁ་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་དེ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པར་ཞིབ་དཔྱད་བྱེད་པའི“རྡོ་ཀ་ཤུ་ཁར”བརྩིས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་། སྤྱི་འདོམས་བཀོད་གཏོང་ལ་ཤུགས་སྣོན་བརྒྱབ་པ། འགག་གནད་དང་དཀའ་གནད་ཞིབ་འཇུག་དང་ཐག་གཅོད་བཅས་བྱས་པ་རེད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པའི་ནང་དོན་གལ་ཆེན་དུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་དང“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”སོགས་ཀྱི་བྱེད་ཐབས་བརྒྱུད་མི་རིགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་རྒྱུན་མཐུད་སློབ་སྦྱོང་གཏིང་ཟབ་བྱས་ཡོད། “ཏང་རྟགས་ཀྱི་འོད་ཟེར་འཕྲོ་བ་དང་ཏང་འཛུགས་སྐྱོང་གིས་ཁྲིད་སྟོན་བྱེད་པའི”དང་བླངས་ཞབས་ཞུའི་རུ་ཁག་བཙུགས་པ་དང“སེ་འབྲུ་དམར་པོའི་གདོང་ལེན་ལས་གནས”བཙུགས་ནས་ལས་ཁུངས་ཚན་པའི“སྐར་ཁུང་དང་པོའི”གཟུགས་བརྙན་སྔར་བས་ཡག་པོ་བཏོད་པ་རེད།

    ཕུན་སུམ་ཚོགས་པའི་ལོ་རྒྱུས་དང་རིག་གནས་ཀྱི་ཐོན་ཁུངས་ལ་བརྟེན་ནས་ལྷོ་ཁ་གྲོང་ཁྱེར་གྱིས་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། བོད་ས་གནས་དང་མེས་རྒྱལ་འབྲེལ་བའི་ལོ་རྒྱུས་བཅས་ཀྱི་སློབ་གསོར་དམ་འཛིན་ནན་པོ་བྱས་ཏེ“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་བའི་ཞབས་རྗེས་བརྒྱུད་བསམ་བློའི་གོ་རྟོགས་མཐོ་རུ་གཏོང་བ་དང་མཐུན་སྒྲིལ་གླེང་བ”དང“ཤོག་དྲས་བྲེགས་ནས་ཟླ་མཆོད་བསུ། བརྩེ་བ་ཟབ་མོས་མཐུན་སྒྲིལ་གླེང”ལ་སོགས་པའི་བྱེད་སྒོ་སྤེལ་ནས། ཏང་ཡོན་ལས་བྱེད་པས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བར་ཁྲིད་སྟོན་བྱས་པ་རེད།

    ལྷོ་ཁ་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་དེ་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་དང་ཟུང་འབྲེལ་བྱས་ནས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་འགན་ནུས་འདོན་སྤེལ་གང་ལེགས་བྱས་པ་དང་། ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་ཆ་སྒྲིག་སྡེ་ཁུལ་དང་བཅའ་སྡོད་བྱ་ཡུལ་གྲོང་ཚོར་ཤེས་དཔལ་འགྲིམ་འགྲུལ་གྱི་ཁ་ཏ་སློབ་སྟོན་དང་། རིན་མེད་ཁྲག་འབུལ། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་། བསམ་འདུན་ཆུང་ངུ་སྒྲུབ་པ། རོགས་སྐྱོབ་དཀའ་སེལ་སོགས་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་ནས། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་ནང་ཧུར་ཐག་ཞུགས་པར་སྐུལ་ཁྲིད་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།