དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2024ལོའི་ལོ་སྨད་ཀྱི་དམག་དཔུང་གིས་དམག(ཉེན་རྟོག)དཔོན་ཐད་ཀར་གདམ་གསེས་དང་བསྡུ་བའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-11-07

    མཐོ་སློབ་ཀྱི་ཕུལ་བྱུང་ཤེས་ལྡན་པ་དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་ལས་དོན་ཁྲོད་ཞུགས་པར་སྐོང་སྒུག་རྒྱ་ཁྱབ་བྱ་ཆེད། ཉེ་ཆར། ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུས་2024ལོའི་ལོ་སྨད་ཀྱི་དམག་དཔུང་གིས་དམག(ཉེན་རྟོག)དཔོན་ཐད་ཀར་གདམ་གསེས་དང་བསྡུ་བའི་ལས་དོན་བཀོད་སྒྲིག་བྱས་ཏེ་སྤེལ་བ་རེད།

    དམག་དཔུང་གི་འབྲེལ་ཡོད་སྲིད་ཇུས་གཞིར་བཟུང་། ད་ཐེངས་ཐད་ཀར་གདམ་གསེས་དང་བསྡུ་ཡུལ་གཙོ་བོ་ནི“རྩེ་གྲས་གཉིས”ཀྱི་འཛུགས་སྐྲུན་མཐོ་སློབ་དང་འཛུགས་སྐྲུན་རིག་ཚན་གྱི་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་ལོ་འདི་གའི་སློབ་ཐོན་སློབ་མའི་ཁྲོད་ནས་གདམ་གསེས་བྱ་རྒྱུ་ཡིན་པ་དང་། དམག་དཔུང་འཛུགས་སྐྲུན་ལ་དགོས་མཁོ་ཆེ་བའི་ཆེད་ལས་ཡིན་ན“རྩེ་གྲས་གཉིས”མིན་པའི་འཛུགས་སྐྲུན་མཐོ་སློབ་དང་འཛུགས་སྐྲུན་རིག་ཚན་ཡིན་ལ་དངོས་གཞིའི་སློབ་མའི་སྐབས་ཁག་དང་པོར་བསྡུ་ལེན་བྱེད་པའི་ལོ་འདི་གའི་སློབ་ཐོན་སློབ་མའི་ནང་ནས་བཟང་གྲས་གདམ་གསེས་གང་འཚམ་བྱེད་ཆོག འདི་ལོའི་ལོ་སྨད་ལ་འཆར་གཞི་ལྟར་ན་དམག(ཉེན་རྟོག)དཔོན་གྱི་ལས་གནས་800ལྷག་ཙམ་ཡོངས་བསྒྲགས་ཐོག་བསྡུ་རྒྱུ་ཡིན་ཞིང་། རྒྱུགས་སྤྲོད་བྱེད་མཁན་གྱིས་ཟླ་11ཚེས་11ནས་17ཉིན་བར“དམག་དཔུང་ཤེས་ལྡན་པའི་དྲ་ཚིགས”(http://81rc.81.cnནམ་ཡང་ནhttp://www.81rc.mil.cn)བརྒྱུད་དེ་མི་བསྡུ་བའི་ལས་གནས་དང་ཚད་གཞི་དང་ཆ་རྐྱེན་ཞིབ་ཕྲ་ཤེས་རྟོགས་བྱས་ནས་དྲ་ཐོག་ཏུ་མིང་ཐོ་འགོད་ཆོག རྗེས་སུ་དམག་དཔུང་གི་འབྲེལ་ཡོད་ཚན་པས་མི་བསྡུ་བའི་བརྒྱུད་རིམ་གཞིར་བཟུང་། གཟུགས་པོ་བརྟག་དཔྱད་དང་། ཆབ་སྲིད་དཔྱད་ཞིབ། རྟོག་ཞིབ་ལེགས་འདེམས། ཆེད་ལས་དཔྱད་བསྡུར་སོགས་ཀྱི་ལས་དོན་སྤེལ་ཏེ། དྲང་གཞག་དང་གཞུང་དྲང་ངང་གདམ་གསེས་བྱས་ནས་མི་བསྡུ་བའི་སྤུས་ཚད་ལ་འགན་ལེན་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།