《ཉི་འོད་གྲོང་ཁྱེར》ཞེས་པའི་བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན་ལ་མི་ཚོས་ཤིན་ཏུ་དགའ་པོ་བྱེད་ཀྱི་ཡོད།
ཟླ་10ཚེས་23ཉིན་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱི་བརྙན་འཕྲིན་ཟློས་གར་སི་དང་། ཀྲུང་གོའི་བརྙན་འཕྲིན་སྒྱུ་རྩལ་ཨུ་ཡོན་ལྷན་ཁང་། ཀྲུང་གུང་ཧུའུ་ནན་ཞིང་ཨུད་དྲིལ་བསྒྲགས་པུའུ། ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དྲིལ་བསྒྲགས་པུས་གཙོ་སྒྲུབ་བྱས་པའི་བརྙན་འཕྲིན་ཟློས་གར་《ཉི་འོད་གྲོང་ཁྱེར》ཞེས་པའི་གསར་རྩོམ་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཏང་ཙུའི་ཁོངས་མི་ཅུས་ཀྲང་གཞོན་པ་ཀྲུའུ་ཡུང་གིས་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
འཁྲབ་ཚན་འདིའི་ནང་བོད་ཀྱི་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་ཡུལ་གོམས་གཤིས་ལུགས་ཀྱིས་ལྟད་མོ་བའི་ཡིད་དབང་བཀུག་པ་རེད། འབྲེལ་ཡོད་སྨྱན་སྦྱོར་གྱིས་གསར་འགྱུར་སྤེལ་བ་ལྟར་ན། རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་རིང་ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་198.91ལ་སྣེ་ལེན་ཞུས་པ་དང་དུས་མཚུངས་ལས་7.45%འཕར་ཡོད། ལྟད་མོ་བ་མི་ཉུང་བ་ཞིག་གིས་《ཉི་འོད་གྲོང་ཁྱེར》ཞེས་པའི་པར་ལེན་ས་ཆར་ལྟ་སྐོར་དྲན་རྟེན་བྱེད་བཞིན་ཡོད་པ་རེད།
བསོད་ནམས་དབང་འདུས་ཀྱིས་སྒྱུར། ཚེ་རྡོར་གྱིས་ཞུས།