དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་དུ་ཐོ་འགོད་བྱས་པའི་གཉེར་སྐྱོང་བྱེད་པོ་ཁྲི་58.52ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-11-07

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན།“ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་གཉེར་སྐྱོང་བྱེད་པོ་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་ཞབས་འདེགས་ཞུ་རྒྱུ་དམིགས་ཚད་དུ་བྱས་ནས། ཐོ་འགོད་གཉེར་སྐྱོང་བྱེད་པོའི་དུས་འཁོར་ཧྲིལ་པོས‘ལས་དོན་གཅིག་ནུས་ཆེའི་ངང་སྒྲུབ་རྒྱུར’དམིགས་པ་དང་། སྒྱུར་བཅོས་ཀྱི་བྱེད་ཐབས་ཁག་དོན་འཁྱོལ་བྱས་ཏེ་ཕན་འབྲས་ཐོན་པར་མགྱོགས་མྱུར་སྐུལ་འདེད་གཏོང་བ། སྒྱུར་བཅོས་ཀྱིས་འཕེལ་རྒྱས་ལ་གསོན་ཤུགས་དང་འགུལ་ནུས་བསྣོན་པ། ཞབས་ཞུའི་རྨང་གཞི་བརྟན་དུ་གཏོང་བ། ཞབས་འདེགས་ཞུ་ཐབས་གསར་གཏོད་བཅས་བྱས་ཏེ་ནུས་ཆེ་ཚད་ལྡན་དང་། དྲང་གཞག་དྲང་བདེན། སྔོན་དཔག་ཐུབ་པ་བཅས་ཀྱི་གཉེར་སྐྱོང་བྱེད་པོའི་ཐོ་འགོད་ལས་ཀའི་མ་ལག་ཧུར་ཐག་བསྐྲུན་ཡོད” ཟླ་11ཚེས་4ཉིན་མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་དགུ་པའི་ཟླ་མཇུག་བར། ཞིང་ཆེན་ཡོངས་སུ་ཐོ་འགོད་བྱས་པའི་གཉེར་སྐྱོང་བྱེད་པོ་ཁྲི་58.52ཟིན་པ་དེ་དུས་མཚུངས་ལས་3.73%འཕར་བ་དང་། ཟླ་དང་པོ་ནས་དགུ་པའི་བར་ཞིང་ཆེན་ཡོངས་སུ་གཉེར་སྐྱོང་བྱེད་པོ་ཁྲི་5.52གསར་དུ་བཙུགས་པ་དང་དུད་ཚང་ཁྲི་1.38འཕར་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཞིང་ཆེན་སྲིད་གཞུང་ལ《མཚོ་སྔོན་ཞིང་ཆེན་གྱིས་ཁྲོམ་རའི་བྱེད་པོས“ལས་དོན་གཅིག་ཐེངས་གཅིག་ལ་སྒྲུབ་པའི”སྟབས་བདེ་ཅན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལག་བསྟར་ཇུས་གཞི》འགྲེམ་རྒྱུའི་རེ་ཞུ་ཕུལ་ནས། གཉེར་སྐྱོང་བྱེད་པོའི“དྲ་གཅིག་ཀུན་སྒྲུབ”ལས་སྟེགས་ཀྱི་ནུས་པ་འཐུས་སྒོ་ཚང་དུ་གཏོང་བ་དང་། གཉེར་སྐྱོང་བྱེད་པོའི་ཚད་ལྡན་ཅན་དང་། ཚད་གཞི་ཅན། སྟབས་བདེ་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། གཉེར་སྐྱོང་བྱེད་པོ“ཐེངས་མང་བསྐྱོད་དགོས་པ”ནས“ཐེངས་གཅིག་ལ་ཆ་ཚང་སྒྲུབ་གཉེར་ཐུབ་པའི”བར་འགྱུར་ལྡོག་འགྲོ་བར་སྐུལ་འདེད་གཏོང་བ། ཞིང་ཆེན་ཡོངས་ཀྱི་གཉེར་སྐྱོང་བྱེད་པོའི་ལས་སྒྲུབ་དུས་ཚོད་ལས་ཀའི་ཉིན་གྲངས་2ནང་ཚུན་དུ་ཐུང་དུ་གཏོང་བ། གསར་དུ་བཙུགས་པའི་ཁེ་ལས་ཀྱིས་ལས་སྒྲུབ་ཀྱི་བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ནས་གཉེར་ཚད་95%ཡན་ཟིན་པ་བཅས་བྱ་རྒྱུ་རེད།

    དེ་དང་ཆབས་ཅིག་ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཁྲོམ་རའི་བྱེད་པོའི་ཐོ་འགོད་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བའི་བྱེད་ཐབས་དོན་ཚན་སུམ་ཅུ་བཏོན་ནས། གཉེར་སྐྱོང་བྱེད་པོའི་མིང་དང་གཉེར་སྐྱོང་ཁྱབ་ཁོངས་སོགས་དོན་ཚན་གལ་ཆེན་ཐོ་འགོད་བདེ་རུ་གཏོང་བ་དང་། ཞིང་ཆེན་སྲིད་གཞུང་ལ《མཚོ་སྔོན་ཞིང་ཆེན་གྱི་ཁྲོམ་རའི་བྱེད་པོའི་སྡོད་གནས(གཉེར་སྐྱོང་བྱ་ཡུལ)ཐོ་འགོད་དོ་དམ་བྱ་ཐབས》འགྲེམ་རྒྱུའི་རེ་ཞུ་ཕུལ་བ། རང་འགུལ་རེ་ཞུའི་ཁས་ལེན་བྱེད་པ། སྡོད་གནས་དང་གཉེར་སྐྱོང་བྱ་ཡུལ་གྱི་ཐོན་ཁུངས་མཁོ་འདོན་བྱེད་པ། 《མཚོ་སྔོན་ཞིང་ཆེན་གྱི་ཁྲོམ་རའི་བྱེད་པོའི་ཐོ་འགོད་དོ་དམ་ཁོངས་གཏོགས་ཀྱི་གཏན་འབེབས》བཟོ་བ། ཐག་ཉེ་སར་གཉེར་རྒྱུར་སྟབས་བདེ་སྐྲུན་པ། རྒྱལ་ཡོངས་གཅིག་གྱུར་གྱི་གཉེར་སྐྱོང་ཁྱབ་ཁོངས་ཀྱི་ཚད་ལྡན་དཀར་ཆག་ཁྱབ་གདལ་གཏོང་བ་བཅས་བྱས་ཏེ། རེ་ཞུ་འབུལ་མཁན་ལ་སྟབས་བདེ་སྤྱོད་བདེའི་གཉེར་སྐྱོང་ཁྱབ་ཁོངས་ཀྱི་འདྲི་རྩད་དང་། ཐོ་འགོད། རེའུ་མིག་རྒྱོང་བ་བཅས་ཀྱི་ཞབས་འདེགས་ཞུ་བ་དང་། གནས་སྤོས་ཐོ་འགོད་ཀྱི་གོ་རིམ་བསྐྱར་དུ་འཛུགས་པས“ཞིང་ཆེན་ནང་ཁུལ་དུ་གནས་སྤོས་ཐོ་འགོད‘རེ་ཞུ་ཐེངས་གཅིག’”གཉེར་ཐུབ་པ་དང་། གཉེར་སྐྱོང་དཀའ་བའི་གཉེར་སྐྱོང་བྱེད་པོར་ལས་མཚམས་བཞག་སྟེ་ཐོ་འགོད་བྱེད་པར་སྟབས་བདེ་བསྐྲུན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།