དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་དུ་དམངས་ཡོངས་དཔེ་ཀློག་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-11-07

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་ལྷ་ས་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭར་དམངས་ཡོངས་དཔེ་ཀློག་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་བས་སློབ་མ་250བྱེད་སྒོའི་ནང་ཞུགས་པ་རེད།

    བྱེད་སྒོ་སྤེལ་རིང་། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་ལས་དོན་པས“རྩ་གཉིས་ཨང་རྟགས”བརྒྱུད་དགེ་སློབ་ཚོར་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་སྐྲུན་ཟིན་པའི་ས་གནས་ཀྱི་ཁྱད་ལྡན་གྲངས་འཛིན་ཐོན་ཁུངས་དྲིལ་བསྒྲགས་ཁྱབ་གདལ་བཏང་བ་དང་། ཐོན་ཁུངས་ཀྱི་སྣ་ཁ་དང་ནང་དོན་ལ་འགྲེལ་བཤད་བརྒྱབ་པ་རེད། དེ་རྗེས་ལྷ་ས་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭར་དེབ་རྙིང་པ་དང་དེ་བཞིན་སྒྲུང་དེབ་ཁྱོན་150དང་། རྒྱ་ཡིག་གི་ལོང་ཡིག་དཔེ་དེབ་50 རིན་ཐང་སྒོར་3300རི་བའི་བོད་ཡིག་གི་ལོང་ཡིག་དེབ་གསར་པ་ཞལ་འདེབས་ཕུལ་བ་རེད།

    གེགས་མེད་གློག་བརྙན་ལྟ་བའི་བརྒྱུད་རིམ་ནང་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་ལས་དོན་པས་མིག་ཤེད་ལ་སྐྱོན་ཡོད་པའི་སློབ་མར་འཚམ་པའི་གློག་བརྙན《སའི་གོ་ལ་འཁྱམ་པོ》ཞེས་པ་བདམས་ནས་ཟུར་བཤད་བརྒྱུད་སློབ་མ་ཚོར་གློག་བརྙན་གྱི་ངོ་མཚར་མྱོང་རོལ་བྱེད་དུ་བཅུག་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།