དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱལ་ཡོངས་ཀྱི“ལེགས་རྒྱལ་བུམ་པ”ཐོག་མར་རག་པ།

    རང་ལྗོངས་ལ“འགྲན་སློང་བུམ་པའི”རྒྱལ་ཁབ་རིམ་པའི་འགྲན་བསྡུར་གྱི་གསེར་གྱི་བྱ་དགའ་རག་པ།

  •     སྤེལ་དུས།  2024-11-07

    ཟླ་11ཚེས་2ཉིན་སྐབས་བཅུ་བཞི་པའི“འགྲན་སློང་བུམ་པའི”ཆིན་ཁྲོང་ཡོན་ཀྲུང་གོའི་སློབ་གྲྭ་ཆེ་མོ་བའི་ལས་གཏོད་འཆར་གཞིའི་འགྲན་བསྡུར་གྱི་མཐའ་ཞུས་མཐའ་བསྡུར་ཧྲའན་ཤིས་ཤིས་ཨན་དུ་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་ཞིང་། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་ལ་འགྲན་བསྡུར་གཙོ་བོའི་གསེར་གྱི་བྱ་དགའ་1དང་ཟངས་ཀྱི་བྱ་དགའ་3རག་ནས་བོད་རང་སྐྱོང་ལྗོངས་ལ“འགྲན་སློང་བུམ་པའི”རྒྱལ་ཁབ་རིམ་པའི་འགྲན་བསྡུར་གྱི་གསེར་གྱི་བྱ་དགའ་ཐོག་མར་རག་སྟེ་ལོ་རྒྱུས་ཐོག་གྲུབ་འབྲས་ཡག་ཤོས་བཏོད་ཡོད། དེ་དང་ཆབས་ཅིག་སློབ་གྲྭ་དེ་རང་ལྗོངས་སུ་སྐབས་འདིའི་འགྲན་བསྡུར་ཆེ་མོའི་ཁྲོད“ལེགས་རྒྱལ་བུམ་པ”ཐོབ་མཁན་གཅིག་པུ་དེ་ཡིན་ལ་རང་ལྗོངས་སུའང་ཐེངས་དང་པོ་དེ་ཡིན།

    སྐབས་འདིའི་འགྲན་བསྡུར་ནི་གུང་གཞོན་ཚོགས་པའི་ཀྲུང་དབྱང་དང་། སློབ་གསོ་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། རྒྱལ་ཁབ་ཚན་རིག་ལག་རྩལ་མཐུན་ཚོགས། རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས། ཧྲའན་ཤིས་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།