དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས།

    “རིག་ལྡན་ལྟ་འདོམས”ལ་བརྟེན་ནས་བཟའ་བཅའི་བདེ་འཇགས་ལ་སྲུང་སྐྱོང་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-11-06

    ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས“ལྷུག་ཏུ་གཏོང་དགོས་ལ་དོ་དམ་ཡང་ཡག་པོ་བྱེད་དགོས”ཞེས་པའི་བླང་བྱར་དམིགས་ཏེ། སྒྱུར་བཅོས་ཆུང་ངུ་ནས་འགོ་བཙུགས་ཏེ་བོད་ལྗོངས་ཡོངས་སུ་བཟའ་བཅའི་བདེ་འཇགས་གཙོ་གནད་དུ་བྱས་པའི་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ལས་གྲྭ་སྟེ“རིག་ལྡན་གྲོང་ཁྱེར་ལྟ་འདོམས”ཞེས་པའི་གློག་རྡུལ་ལྟ་འདོམས་མ་ལག་སྔོན་ལ་ལག་བསྟར་བྱེད་འགོ་བཙུགས་ཡོད། དེ་དང་ཆབས་ཅིག“སྦར་མཐིལ་ནས་ལག་ཁྱེར་གཉེར་བ”དང་། ཟོག་འབྲེལ་དྲ་རྒྱ་ཞིབ་དཔྱད་ཚད་ལེན། “ཤོག་མེད་ཅན་གྱི་སྒུལ་བདེའི་ཁྲིམས་སྒྱུར”སོགས་ཞབས་ཞུ་དང་ཁྲིམས་སྒྱུར་གྱི་ཁོངས་གཏོགས་མ་ལག་མང་པོ་བཙུགས་ནས་ཁྲིམས་སྒྱུར་བྱེད་སྟངས་དེ“མི་ཚོགས་ཀྱི་འཐབ་རྩལ”ནས“བློ་གྲོས་ཀྱི་ལྟ་འདོམས”བར་རིམ་གྱིས་བསྒྱུར་ཡོད།

    ཉིང་ཁྲི་གྲོང་ཁྱེར་གྱིས་ལྗོངས་ཡོངས་སུ་བཟའ་བཅའི་སྲིད་འཛིན་ཆོག་འཐུས་ཀྱི་བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ནས་སྒྲུབ་གཉེར་བྱེད་པའི་ལམ་སྲོལ་སྔོན་ལ་བཙུགས་ཏེ། གཉེར་སྐྱོང་བྱེད་པོར་དུས་དང་རྣམ་པ་ཀུན་ཏུ་ཞབས་འདེགས་ཞུས་ནས“ཞིབ་མཆན་ཞབས་ཞུར་མི་ངོ་མ་ཡོང་མི་དགོས་པ་དང་། ཤོག་ངོས་ཡིག་རིགས་སྤྲོད་མི་དགོས་པ། ལག་ཐོགས་ཁ་པར་གྱི་སྒྲུབ་གཉེར་ལ་བར་ཐག་མེད་པ། ཆུ་ཚོད་24ཡི་རིང་སྒྲུབ་གཉེར་མཚམས་མི་འཇོག་པ”བཅས་ཀྱི་སྲིད་འཛིན་ཆོག་འཐུས་ཀྱི་ཞབས་འདེགས་ཞུ་སྟངས་གསར་པ་མངོན་འགྱུར་བྱུང་ནས་གཉེར་སྐྱོང་བྱེད་པོས་སྒྲུབ་གཉེར་ཐད་སྒུག་སྡོད་པའི་དུས་ཚོད་ཐུང་དུ་ནུས་ལྡན་བཏང་ཡོད།

    གཞན་ཡང་། ཉིང་ཁྲི་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་བཟའ་བཏུང་ཞབས་ཞུའི་རིག་ལྡན་ལྟ་འདོམས་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ནས། ཚད་གཞི་མཐོ་པོས“དྲ་སྦྲེལ་དང་ཐབ་ཚང་ཕྱི་གསལ་ནང་གསལ་ཟུང་འབྲེལ”གྱི་འདུ་འགོད་བཏོད་དེ། དྲ་ཕྱིའི་ལྟ་འདོམས་དེ་དྲ་ཐོག་ལྟ་འདོམས་སུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་བཏང་བས་བཟའ་བཏུང་ཞབས་ཞུའི་བཟའ་བཅའི་བདེ་འཇགས་དོ་དམ་སྣ་མང་ཅན་དང་། ཁ་གསལ་ཅན། ཆ་འཕྲིན་ཅན་བཅས་སུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།